ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

རང་མོས་སྙན་རྩོམ།

ས་ཆེན་གྱི་ནོར་བུ་འོད་འབར།

ས་ཆེན་གྱི་ནོར་བུ་འོད་འབར།

ལྡོང་ཡོན་ཏན་རྒྱ་མཚོ།   འདི་ནས་ཕར་ཕར་སོང་ན། ལེ་བར་ཁྲི་སྟོང་གིས་ཆོད་པའི་ལྷོ་མཐའ་ཞིག་ཏུ། དབུ་སྐྲ་དཀར་ཡང་གསུང་གདངས་མ་ཉམས་པ། དགུང་ན་མཐོ་ཡང་རྒ་བས་མ་ནོན་པའི། སངས་རྒྱས་མི་གཟུགས་སུ་བརྫུས་པ་ཞིག་ཡོད།   ཁོང་གི། སླད་མ་འདྲེས་པའི་དགྱེས་འཛུམ། ས་མཚམས་མེད་པའི་ཐུགས་དཀྱེལ། ཚད་མཐོ་བའི་ལྟ་གྲུབ། ཕྱོགས་སུ་མ་ལྷུང་བའི་བྱམས་བརྩེ། གནའ་དེང་ཆོས་ཚན་གྱི་མཁྱེན་ཡོན། སུ་དང་གང་གིས་གཞལ་ཡང་། ནམ་མཁའི་མཐའ། ཉི་མའི་འོད། རི་བོའི་དཔང་། རྒྱ་མཚོའི་ཟབ་ཚད། མཚོན་དཔེ་དེ་དག་ཇི་བཞིན། ཆེས་ཆེར་འཕགས་ཏེ། ས་ཆེན་པོའི་རྒྱན་དུ་འབར་ཡོད།   ཆོས་ཀྱི་དེད་དཔོན། སྲིད་ཀྱི་ཤིང་རྟ་བ། སྒྱུ་རྩལ་བ། དམག་དོན་པ། ཚན་རིག་པ། ཁེ་ལས་པ། སུ་ཡིས་མཇལ་ཡང་། གང་གིས་བགྲོ་ཡང་། བློ་བསྐྱེད། ངེས་ཤེས། ཐབས་ལམ། བདེ་སྐྱིད། གང་ལ་གང་མཁོའི་དངོས་གྲུབ། ཆད་མེད་དུ་འཇོ་ལ། བླ་ལྷག་གིས་སྩོལ་བའི། ས་ཆེན་གྱི་ནོར་བུ་འོད་འབར། ཧི་མ་ལ་ཡའི་མུ་ཏིག་རྡོག་གཅིག…

 ཁ་བ་བབས་བྱུང་།

ཁ་བ་བབས་བྱུང་།   མེ་ཏོག་བཞིན་བབས་བྱུང་། མཐོ་བ་གངས་རིའི་རྩེ་མོ།   དམའ་བ་སྤང་གཞོང་ཡངས་མོ། ཁ་བའི་གོས་དཀར་གྱིས་གཡོག་སོང་། ཁ་བའི་མེ་ཏོག་གིས་གང་སོང་། ཁ་བ་དཀར་བོ།   བཀྲ་ཤིས་པའི་མཚོན་རྟགས་གསར་བ་ཡིན།

གཏན་ཚིགས།

ང་ཁྱེད་ཀྱི་ཆེད་དུ་དགའ་ཡང་མྱོང་ལ་ངུ་ཡང་མྱོང་། ང་ཁྱེད་ཀྱི་ཆེད་དུ་འདུར་ཡང་མྱོང་ལ་ཐང་ཆད་ཀྱང་མྱོང་། ང་ཁྱེད་ཀྱི་ཆེད་དུ་ན་ཡང་མྱོང་ལ་རྒས་ཀྱང་མྱོང་། ང་ཁྱེད་ཀྱི་ཆེད་དུ་བསྲེས་ཀྱང་མྱོང་ལ་བཀྱེད་ཀྱང་མྱོང་།