ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཨ་རིར་ཕེབས་ཏེ་ཆོས་རིག་གི་མཛད་འཕྲིན་བསྐྱངས་པ།

སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཨ་རིར་ཕེབས་ཏེ་ཆོས་རིག་གི་མཛད་འཕྲིན་བསྐྱངས་པ།

སྤྱི་ལོ་༢༠༡༨ལོའི་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནུབ་ཕྱོགས་ཨ་རིའི་རྒྱལ་ཁབ་ཀྱི་གནའ་བོའི་གྲོང་ཁྱེར་ནེའུ་ཡོག་ལ་ཕེབས།

ཚེས་བཅོ་ལྔའི་ཉིན་འཛམ་གླིང་ན་སྐད་གྲགས་ཆེ་བའི་ཁོ་ལོན་པི་ཡ་(哥伦比亚大学(the University of Columbia)གཙུག་ལག་སློབ་ཆེན་ཨེ་ཤ་ཡའི་ཤར་ཕྱོགས་ཞིབ་འཇུག་ཚན་ཁག་གིས་གདན་འདྲེན་ཞུས་པ་ལྟར་ཕེབས་ཏེ་༼བོད་རིག་པ་དང་བོད་ཀྱི་སློབ་གསོ་༽ཞེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་དང་མཇུག་ཏུ་དགེ་རྒན་ཆེན་མོ་དང་ཞིབ་མཇུག་སློབ་མ་སོགས་ཀྱི་དྲི་བར་ལན་གནང་།

ཚེས་བཅུ་དགུའི་ཉིན་ཨ་རིའི་སྲིད་འཛིན་གསུམ་པའི་བཙུགས་པའི་ཝིར་ཇེ་ནི་ཡཱ་གཙུག་ལག་སློབ་ཆེན་(弗吉尼亚大学university of virginia)གྱིས་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་དགེ་རྒན་ཆེན་མོ་དེ་བཱས་མཆོག་དང་ལྷན་ཅིག་༼བོད་ཀྱི་ནང་ཆོས་དང་སྲོལ་རྒྱུན་སློབ་གསོ་དེང་རབས་སྤྱི་ཚོགས་སུ་སྤེལ་བའི་ཐབས་ལམ་དང་དགེ་མཚན་གླེང་བ་༽ཞེས་པའི་བརྗོད་གཞིའི་སྟེང་ནས་བགྲོ་གླེང་དང་། མཇུག་ཏུ་རྒྱལ་ཁབ་མི་འདྲ་བའི་བོད་རིག་པའི་ཆེད་མཁས་པ་ཁ་ཤས་ཀྱི་དྲི་བར་ལན་བཏབ།

ཚེས་ཉེར་གཅིག་ཉིན་ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་ལ་ཡོད་པའི་ཝ་ཤུན་ཀྲོན་གཙུག་ལག་སློབ་ཆེན་(华盛顿大学 university of washington )གྱིས་གདན་འདྲེན་བྱས་པ་བཞིན་ཕེབས་ཏེ་༼བོད་ཀྱི་སློབ་གསོའི་གསར་བཏོད་༽ཅེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་དང་མཇུག་ཏུ་དགེ་རྒན་ཆེན་མོ་དང་ཞིབ་མཇུག་སློབ་མ་དག་གི་དྲི་བར་ལན་གནང་།

ཚེས་ཉེར་ལྔའི་སྔ་དྲོར་ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་འབྲི་གུང་ཆོས་ཀྱི་ཉི་མའི་དགོན་པ་ནས་རྒྱལ་ཁབ་མི་འདྲ་བ་ཁག་ཅིག་གི་ནང་ཆོས་པ་མང་ཙམ་ལ། ༼ནང་ཆོས་དང་ཚན་རིག་གཉིས་ཀར་སྦྱངས་ཏེ་དུས་རབས་ཉེར་གཅིག་པའི་ནང་ཆོས་པ་ཚད་ལྡན་ཞིག་བྱེད་པར་བསྐུལ་པ་༽ཞེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་དང་མཇུག་ཏུ་སོ་སོའི་བསམ་ཚུལ་དང་འབྲེལ་བའི་དྲི་བ་ཁ་ཤས་ལ་ལན་གནང་།

ཚེས་ཉེར་དྲུག་ཉིན་མཁའ་ལམ་བརྒྱུད་དེ་ཕྱིར་བོད་ཡུལ་དུ་ཕེབས་ཤིང་། སྤྱི་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་པར་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་དགའ་བས་བསུ་མ་ཞུས།

ཝུ་ཇེས་ནས་ཡཱ་སློབ་ཆེན་གྱི་བརྡ་ཁྱབ།

ཁོ་ལོན་པི་ཡ་གཙུག་ལག་སློབ་ཆེན་གྱི་བརྡ་ཁྱབ།

འབྲི་གུང་ཆོས་ཀྱི་ཉི་མའི་དགོན་པའི་བརྡ་ཁྱབ།

ཝ་ཤུན་ཀྲོན་སློབ་ཆེན་གྱི་བརྡ་ཁྱབ།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།