ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཁྱུང་མཆུ་རྫོང་རོང་རུ་མར་ཕེབས་པ།

སྤྱི་ལོ་༢༠༢༠–༡-༢ཉིན་ཁྱུང་མཆུ་རྫོང་རོང་རུ་མའི་མ་ཎི་ཚོགས་པས་ཡང་ཡང་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྡེ་བ་དེར་ཆེད་ཕེབས་གནང་སྟེ། དམ་པའི་ཆོས་ཀྱི་བྱུང་རབས་མདོར་བསྡུས་དང་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་བྱེད་ཚུལ་གསུངས་ཤིང་། མཇུག་ཏུ་བཀླག་ལུང་མང་བོ་གནང་།