ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྔ་བ་རྫོང་གཡུ་འབྲུག་སྒྱུ་རྩལ་སློབ་གླིང་དུ་ཕེབས་པ།

སྤྱི་ལོ་ ༢༠༢༠.༡.༣ ཉིན་རྔ་བ་རྫོང་གཡུ་འབྲུག་སྒྱུ་རྩལ་སློབ་གླིང་གིས་གདན་འདྲེན་ཞུས་པ་བཞིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སློབ་གླིང་དེར་ཆེད་ཕེབས་གནང་སྟེ། སློབ་མ་ཚོའི་འཚོ་བ་ལ་རྒྱུས་ལོན་དང་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་གཟིགས་གནང་རྗེས། རྫོང་ཁག་མང་བོ་ནས་འཛོམས་པའི་དགེ་སློབ་ཚང་མར། སློབ་གླིང་འདིའི་བྱེད་པོ་ལྷ་རིས་པ་ཨ་ཁུ་ཐུབ་ཀོ་ལགས་ཀྱི་ལྷག་བསམ་དང་བྱས་རྗེས་ལ་གཟེངས་བསྟོད་དང་། བོད་ཀྱི་བཟོ་བ་རིག་པ་དང་འབྲེལ་བའི་བསླབ་སྟོན་ཞིབ་རྒྱས་མཛད། མཇུག་ཏུ་དགེ་སློབ་ཡོངས་ལ་ཉིས་སྟོང་བཅུ་དགུ་ལོའི་གུར་ཀུམ་ཆུན་པོ་རེ་རེ་ལེགས་སྐྱེས་སུ་ཕུལ།