ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྔ་ཡུལ་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་དུ་ཕེབས་པ།

སྤྱི་ལོ་༢༠༡༩ལོའི་ཟླ་༡༠བའི་ཆེས་༢༠ཉིན་ཏེ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན། དཔལ་རྒྱལ་བ་ཇོ་ནང་བའི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་རྔ་ཡུལ་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གིས་གདན་འདྲེན་ཞུས་པ་བཞིན། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རིས་མེད་མ་ཎི་ཆོས་ཚོགས་ཆེན་མོའི་སྟེང་ཆེད་ཕེབས་གནང་སྟེ། དད་ལྡན་སྟོང་ཕྲག་མང་བོར་གྲུབ་མཐའ་རིས་མེད་དང་ཕ་མའི་དྲིན་གཟོ་ཞེས་པའི་སྟེང་ནས་ཆོས་ཁྲིད་དང་སློབ་སྟོན་ལེགས་པར་གནང་།