ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མཚོ་སྔོན་པོའི་མདོ་ལ་རྫོང་དུ་ཕེབས་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མཚོ་སྔོན་པོའི་མདོ་ལ་རྫོང་སྒར་སྡེ་དགོན་དང་བེ་ཧི་དགོན་གཉིས་ཀྱི་བླ་གྲྭ་དང་།ལྷ་སྡེ་དད་ལྡན་མང་ཚོགས་ཡོངས་ཀྱིས་ཡང་ཡང་ཞུས་པ་ལྟར།སྤྱི་ལོ་༢༠༡༩ལོའི་ཟླ་༦པའི་ཚེས་༨ཉིན་སྒར་སྡེ་དགོན་ལ་ཕེབས་པར་སེར་སྐྱ་ཡོངས་ཀྱིས་ཆིབས་བསུ་ཐབས་བསུ་རྒྱ་ཆེ་བ་ཞུས་ཤིང་།ཚེས་དགུའི་ཉིན་མདོ་ལའི་ཕྱོགས་ཀྱི་དགོན་ཁག་བདུན་ཙམ་ནས་ཕེབས་པའི་བླ་གྲྭ་རྣམ་པར་ཐུགས་མཐུན་ཁྲིམས་གཙང་ངོས་དགོན་པ་སྐྱོང་ལུགས་དང་སློབ་གཉེར་གལ་ཆེ་ཚུལ།ཆོས་ལུགས་པས་དད་ལྡན་མང་ཚོགས་ལ་འགན་འཁུར་དགོས་པའི་ཚུལ་ལས་བརྩམས་ཏེ་སློབ་གསོ་གནང་བ་དང་།མང་ཚོགས་ལ་ནང་ཆོས་ཀྱི་བྱུང་འཕེལ་དང་དགེ་ལྡན་པའི་གྲུབ་མཐའ་ངོ་སྤྲོད་དང་འབྲེལ་ཕ་མའི་དྲིན་ལན་དང་།བུ་ཕྲུག་ལ་སློབ་གསོ་སྤེལ་དགོས་ཚུལ།བྱ་འགུལ་བྱེད་སྒོ་གང་གི་ཐད་ལའང་བོད་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་དགོས་ཚུལ།རྟ་རྒྱུགས་ཚད་ལས་མི་བརྒལ་བ་སོགས་ལས་བརྩམས་ཏེ་སློབ་གསོ་ཡིད་འཁུལ་བ་མང་བོ་གནང་བར་མ་ཟད། ཁོང་ཚོའི་རེ་སྨོན་ལྟར་ཆོས་སྤྱོད་དང་གཟུངས་སྔགས་མང་བོའི་ལུང་གནང་བས།སེར་སྐྱ་སྟོང་ཕྲག་མང་བོས་དད་པ་དང་དུང་བའི་སོར་བཅུའི་སྙིམ་པའི་མེ་ཏོག་བར་མེད་གཏོར་བ་བཅས་སོ།།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་སློབ་མའི་མདོ་ལའི་ཐོན་མིའི་སློབ་ཚོགས།