ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དམུ་དགེར་ཕེབས་ཏེ་ཆོས་རིག་སློབ་གསོ་གནང་བ།

སྙིགས་དུས་ཀྱི་སློབ་དཔོན་ཐོན་མི་གཉིས་པ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོའི་སྐུ་ཚ་དམ་པ་བསླབ་གསུམ་རྒྱ་མཚོ་མཆོག་གིས་གཙོས། ཡ་རབས་སྤྱོད་བཟང་ཚོགས་པ་དང་། བྱམས་ལྡན་བོད་ཀྱི་མཉམ་སྒྲུབ་ཚོང་སྡེ་གཉིས་ཀྱིས་ཡང་ཡང་གདན་འདྲེན་ཞུས་པ་བཞིན། སྤྱི་ལོ་༢༠༡༨ལོའི་ཟླ་༢བའི་ཚེས༡༠ཉིན། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དམུ་དགེར་ཕེབས་ཏེ། སེར་སྐྱ་སྟོང་ཕྲག་མང་བོར་མི་ཆོས་སློབ་གསོ་ཟབ་རྒྱས་གནང་། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ས་གནས་སྲིད་གཞུང་གི་འགོ་ཁྲིད་མི་སྣ་ཆེད་དུ་འཚམས་ཞུར་ཕེབས་ཤིང་སློབ་གསོའི་ བྱ་འགུལ་འདིའི་འགོ་འཛིན་སོགས་རྒྱབ་སྐྱོར་ཆེན་པོ་བྱས།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།