ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྔ་ཡུལ་དཔལ་སྔ་འགྱུར་རྙིང་མའི་གནམ་མཚོ་དགོན་ཐུབ་བསྟན་ཆོས་འཁོར་གླིང་དུ་ཕེབས་པ།

རྔ་ཡུལ་དཔལ་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པའི་གནམ་མཚོ་དགོན་ཐུབ་བསྟན་ཆོས་འཁོར་གླིང་གིས་ཡང་ཡང་གདན་འདྲེན་ཞུས་པ་བཞིན། སྤྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༡༠་ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཆེད་དུ་མ་ཎིའི་དུང་སྒྲུབ་ཆེན་པོའི་ཆོས་ཚོགས་སྟེང་ཕེབས་ཏེ་དད་ལྡན་མང་ཚོགས་སྟོང་ཕྲག་ཁ་ཤས་ལ། གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་བྱེད་ཚུལ་དང་། རྩ་བ་གསུམ་དང་རྒྱུ་མཚན་དགུ། ཐག་བཅད་པ་རྣམ་པ་གསུམ་གྱི་སྒོ་ནས་འཆི་བ་མི་རྟག་པ་སྒོམ་ཚུལ་སོགས་ཁ་གསལ་གོ་བདེའི་སྒོ་ནས་གསུངས་པས་དེར་འཁོད་ཐམས་ཅད་དགའ་དད་མོས་གུས་ཀྱི་དཔལ་ལ་བཀོད།

  

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།