ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མདོ་ལྷོ་གཙོས་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཕེབས་པ།

 

སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༡༧ཉིན། མདོ་ལྷོ་ཁུལ་རིག་གནས་རམ་འདེགས་ཚོགས་པས་གདན་འདྲེན་ཞུས་པ་བཞིན། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཾམཆོག་མདོ་ལྷོ་གཙོས་གྲོང་ཁྱེར་གྱི་མངའ་ཁོངས་མ་མོ་སུམ་སྣར་ཕེབས་ཏེ། རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་གི་དགོན་གྲོང་གཉིས་ཀྱིས་གཙོས་སེར་སྐྱའི་འདུས་ཚོགས་ཆིག་ཁྲི་ལས་བརྒལ་བར། ཆོས་རིག་སློབ་གསོ་ངོ་མཚར་བ་གནང་བས། ཁོང་ཅག་གིས་མི་ལོ་བཞི་ཙམ་ལ་རེ་བས་བསྒུག་ཅིང་འབད་བརྩོན་བྱས་པའི་འབྲས་བུ་དོན་སྨིན་བྱུང་།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།