ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སི་ཁྲོན་མཛོད་དགེ་རྫོང་བྱམས་མེ་དགོན་དུ་ཕེབས་པ།

སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༡༧ཉིན། སི་ཁྲོན་མཛོད་དགེ་རྫོང་བྱམས་མེ་དགོན་ཐོས་བསམ་རྣམ་རྒྱལ་གླིང་གི་བསྟན་བདག་དཔོན་བླ་རིན་པོ་ཆེས་གཙོས། ཀུན་ཕན་སྙིང་རྗེ་ཚོགས་པས་ཡང་ཡང་གདན་ཞུས་ལྟར། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་བྱམས་མེ་དགོན་པའི་སློབ་གླིང་གསར་བར་ཕེབས་ཏེ། སེར་སྐྱའི་འདུས་ཚོགས་རྒྱ་ཆེན་པོར་ཆོས་རིག་སློབ་གསོ་མི་ཚེའི་ནང་ནོམ་དུ་ཉར་ཆོག་པ་མང་དུ་གནང་།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།