ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མཚོ་ལྷོ་ཁུལ་མགར་རྩེ་ཞོལ་མའི་མཛོ་མོ་དར་ཐང་རིང་མོར་ཕེབས་པ།

སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༡༤ཉིན་མགར་སྣོད་བཅུད་གཙང་དག་མཐུན་ཚོགས་ཀྱིས་གདན་ཞུས་ལྟར། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་མཚོ་ལྷོ་ཁུལ་མགར་རྩེ་ཞོལ་མའི་མཛོ་མོ་དར་ཐང་རིང་མོར་ཕེབས་ཏེ། རྨ་ཕར་ཚུར་གྱི་ཚོགས་པ་སུམ་ཅུ་ལྷག་གི་འཐུས་ཚབ་པ་དང་ས་གནས་མང་ཚོགས་མང་བོར་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་དོན་དང་འདུ་ཤེས། ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་སྐོར་ནས་གསུང་བཤད་ཡིད་འཁུལ་བ་གནང་།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།