ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྔ་བ་ཁུལ་ཟུང་ཆུ་རྫོང་སེར་པོ་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་ཕེབས་པ།

༄༅།།གངས་ལྗོངས་ཤར་མཐའི་ཆོས་སྲིད་རིག་གནས་ཀྱི་ལྕགས་རི་ལྟ་བུར་གྱུར་བའི་རྔ་བ་ཁུལ་ཟུང་ཆུ་རྫོང་གི་རི་བོ་དགེ་ལུགས་པའི་གདན་ས། སེར་པོ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་གཙོས་ལྷ་སྡེ་ཚོ་ཆེན་བཞི་བཅུ་ལྷག་གིས་ཡང་ཡང་གདན་འདྲེན་ཞུས་པ་བཞིན། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྤྱི་ལོ་༢༠༡༨-༢-༢༦ཉིན་ས་གནས་དེར་ཆེད་ཕེབས་གནང་སྟེ་སེར་སྐྱ་ཆིག་ཁྲི་ཡས་མས་ཤིག་ལ་སྤྱི་ཕན་སློབ་གསོ་ཞེས་པའི་བརྗོད་གཞིའི་སྟེང་ནས་བསླབ་སྟོན་ཟབ་རྒྱས་དང་། འཇམ་དབྱངས་གང་བློ་མ་སོགས་ཀྱི་བཤད་ལུང་གནང་། གློ་བུར་བུ་གཡུ་འབྲུག་སྔོན་མོའི་སྒྲ་སྐད་ལྷང་ལྷང་དུ་གྲགས་པ་སོགས་དགེ་ལྟས་ཡག་པོ་བྱུང་། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ཅུའུ། ས་གནས་སྲིད་གཞུང་བཅས་ཀྱི་འགོ་ཁྲིད་རྣམས་དངོས་སུ་འཆད་ཁྲིད་ལ་ཞུགས་ཤིང་སློབ་དཔོན་མཆོག་ལ་བཀའ་དྲིན་ཞུས།

ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གསར་འགོད་ཚན་ཁག་ནས་སྤྱི་ལོའི་ཟླ་ཚེས་བཟང་བོར་ཕུལ། 2018.2.26  

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།