ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཚ་ཁོ་ཁང་དམར་དགོན་དུ་ཕེབས་པ།

ཁྱུང་མཆུ་རྫོང་ཚ་ཁོ་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ལོ༢༠༡༩ཟླ༨ཚེས༡༩ནས་ཚེས༢༦བར་སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དགོན་པ་འདིར་ཆེད་ཕེབས་གནང་ནས། དགེ་འདུན་འདུས་པ་རྒྱ་མཚོར་མཉམ་མེད་ཟས་གཙང་གི་སྲས་པོས་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ཇི་ལྟར་གསུང་ཚུལ་དང་། རིམ་བཞིན་བྱང་ཕྱོགས་ཤམ་བྷ་ལ་དང་རྒྱ་གར་འཕགས་པའི་ཡུལ། དེ་ནས་བོད་ཁ་བ་གངས་རིའི་ལྗོངས་སུ་བརྒྱུད་པའི་བཀའ་སྲོལ་བདུན་དུ་གྱེས་ཚུལ། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མཁས་གྲུབ་ལོ་པཎ་མང་བོའི་རྣམ་ཐར། དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རྒྱ་བོད་ཀྱི་བསྟན་བཅོས་གང་དག་བཞུགས་ཚུལ་སོགས་ཞིབ་ཁྲིད་ཀྱི་བཀའ་དྲིན་བསྐྱངས་པས། མི་འགྱང་བར་དུས་འཁོར་ཆོས་འབྱུང་དེ་ཉིད་དྲ་ཚིགས་དང་འཕྲིན་སྟེགས་སོགས་སུ་འགོད་འཆར་ཡོད།

གསར་འགོད་པ་ཁང་དམར་ཆོས་གྲགས།