ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྒྱ་གར་གྱི་མཁན་པོ་སློབ་དཔོན་ཨ་ནུ་བྷུ་ཏིས་ལྗགས་རྩོམ་གནང་ཞིང་འདར་ལོ་ཙཱ་བས་བསྒྱུར་གནང་མཛད་པའི་དབྱངས་ཅན་སྒྲ་ཊིཀ་གམ་འགྲེལ་བ་གསལ་ལྡན་གྱི་ཁྲིད་མཇུག་ལེགས་པར་གྲུབ།

ད་ལོ་སྟེ་སྤྱི་ལོ་2019.ཧོར་ཟླ་12.ནང་དུ་དཔལ་གྱི་ཆོས་སྡེ་ཆེན་མོ་རྔ་ཡུལ་སྒོ་མང་དགོན་གྱི་བརྡ་སྤྲོད་ལས་སྒྲུབ་ཁང་གིས་ཡང་ཡང་ཞུས་ཤིང་གཙོ་སྒྲུབ་བྱས་པ་བཞིན། སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྒྱ་གར་གྱི་མཁན་པོ་སློབ་དཔོན་ཨ་ནུ་བྷུ་ཏིས་ལྗགས་རྩོམ་གནང་ཞིང་འདར་ལོ་ཙཱ་བས་བསྒྱུར་གནང་མཛད་པའི་དབྱངས་ཅན་སྒྲ་ཊིཀ་གམ་འགྲེལ་བ་གསལ་ལྡན་དང་། དགེ་རྒན་ཁོང་རང་གིས་མཛད་པའི་དབྱངས་ཅན་སྒྲ་མདོའི་བརྡ་ཆད་དང་རི་མོ་བསྒྲུབ་ཚུལ་བཤད་པ་ནག་པོ་འགྲོ་ཤེས་གཉིས་སྦྲགས་ཏེ། རྔ་ཡུལ་སྒོ་མང་དགོན་གྱིས་གཙོས་ཀིརྟིའི་དགོན་ཆེན་དང་། ཀན་སུའུ་ཨ་འཁོར་དགོན། མགོ་ལོག་སྙན་མོ་དགོན། ཨ་འདུས་དགོན་གོང་མ། རྔ་ཡུལ་གནམ་ལྕགས་དགོན། མཛོད་དགེའི་སྒར་རྙིང་དགོན་སོགས་ནས་ཕེབས་པའི་བླ་གྲྭ་བཞི་བཅུ་ཡས་མས་ཤིག་ལ་ཉིན་བཅུའི་རིང་དཔེ་ཁྲིད་ཀྱི་བཀའ་དྲིན་བླ་མེད་བསྐྱངས། དེ་རིང་མཇུག་ལེགས་པར་གྲུབ་ཅིང་ཁོང་གིས་༢༠༡༩.ལོའི་ཀུར་གུམ་ཆུན་པོའི་དཔེ་ཆ་རེ་རེ་དགེ་ཕྲུག་རྣམས་ལ་གནང་།2020.1.4.ཉིན་སྒོ་མང་དགོན་བརྡ་སྤྲོད་ལས་སྒྲུབ་ཁང་གིས་སྤེལ།