ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སྒྲ་རིག་པའི་ད་ལྟའི་གནས་བབས།

སྤྱིར་སྒྲ་རིག་པ་ཞེས་པ་ནི་འཇིག་རྟེན་ཁམས་ཆེན་པོ་འདིའི་སྐད་རིགས་མི་འདྲ་བ་གང་དང་གང་ཡིན་ཡང་རུང་སྟེ། རང་རང་གི་ཡུལ་གྱི་ཐུན་མིན་དུ་གྱུར་བའི་མིངདང་། དེ་ལ་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་དང་ཚིག་ཕྲད་སོགསསྦྱར་བ་ལ་བརྟེན་ནས་ལེགས་པར་བརྡ་འཕྲོད་པའི་ཆོས་ཉིད་གཞིར་བཟུང་སྟེ་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་ཤིག་ཡིན་ལ། དེ་ལ་སྒྲ་རིག་པའམ་ལུང་སྟོན་པའི་བསྟན་བཅོས་ཞེས་ཀྱང་ཟེར་རོ༎དེའི་ཕྱིར་སྒྲ་རིག་པའི་བསྟན་བཅོས་ནི་སཾ་སྐྲྀ་ཏའི་སྒྲ་རིག་པ་དང་རྒྱལ་སྤྱིའི་སྒྲ་རིག་པ་ཁོ་ན་ལས་མེད་མི་དགོས་པར་ཡི་གེ་ཡོད་པའི་མིརིགས་ཕལ་ཆེར་ལ་རང་རང་གི་སྐད་དང་

མཐུན་པའི་སྒྲ་རིག་པ་ཡོད་དེ། དཔེར་ན། ཐོན་མི་སམ་བྷོ་ཊས་བརྩམས་པའི་སུམ་རྟགས་སོགས་ནི་བོད་མི་རིགས་ཀྱི་སྐད་གཞིར་བཞག་ནས་བརྩམས་པའི་སྒྲ་རིག་པའི་བསྟན་བཅོས་ཡིན་པ་བཞིན་ནོ༎ འོན་ཀྱངསྐབས་འདིའི་བཤད་བྱར་གྱུར་བའི་སྒྲ་རིག་པ་ཞེས་པ་ནི་སྤྱི་མིང་བྱེ་བྲག་ལ་བཏགས་པའི་རྒྱ་གར་གྱི་ཀཱ་ཙན་དབྱངས་གསུམ་དང་པཱ་ཎི་བ་བཅས་ལ་གོ་དགོས་ཏེ། དེ་ལྟརབོད་ཁམས་ན་ཡོངས་སུ་གྲགས་ཤིང་གོམས་པའི་གཤིས་ལུགས་སོགས་དང་ཡང་མཐུན་པའི་ཕྱིར་རོ༎

སྒྲ་རིག་པའི་བསྟན་བཅོས་དེ་དག་ལ་འཆད་ཉན་དང་བཀོལ་སྤྱོད་བྱས་པའི་ཚུལ་ནི་སྔོན་ལྷའི་ཡུལ་དང་རྒྱ་གར་སོགས་ལ་བློས་མི་དཔོག་པའི་ཚོད་དུ་ཡོད་པར་མ་ཟད། བོད་ཀྱི་དབང་དུ་བྱས་ནའང་ཐོན་མི་སམ་བྷོ་ཊ་སོགས་ལོ་པཎ་རིམ་བྱོན་དང་།  ཁྱད་པར་དུ་ཐར་ལོ་ཉི་མ་རྒྱལ་མཚན། འདར་བ་ངག་དབང་ཕུན་ཚོགས། དཔང་བློ་གྲོསབསྟན་པ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ལྷ་མཐོང་ལོ་ཙཱ་བ་དང་ཇོ་ནང་ཏཱ་ར་ནཱ་ཐསོགས་ཀྱི་སྐུ་དྲིན་ལ་བརྟེན་ཏེ་སྒྲ་རིག་པའི་འཆད་ཉན་དབྱར་གསུམ་ཆུ་གཏེར་གྱིདཔལ་ལ་འགྲན་བཟོད་པ་ལྟ་བུར་གྱུར། ནང་བསྟན་གཞུང་ལུགས་གཙོ་བྱས་ཏེ་བཟོ་དང་གསོ་བ། མངོན་བརྗོད་དང་རྩིས། ཚིག་རྒྱན་རིག་པ་སོགས་ཀྱི་གཞུང་ལུགས་ཀྱང་སྒྲ་རིག་པའི་ཐབས་འཕྲུལ་ཁོ་ནར་བརྟེན་ཏེ་རི་བོའི་གཏོས་དང་མཉམ་པ་ཞིག་བོདརང་སྐད་དུ་བསྒྱུར་བར་མ་ཟད། སྒྲ་རིག་པའི་བསྟན་བཅོས་དག་ལ་དཀའ་འགྲེལདང་རྒྱ་ཆེར་འགྲེལ། སྤྱི་དོན། བོད་ཡིག་གི་ལམ་ནས་རྒྱ་གཞུང་ལག་ལེན་བྱེད་ཐབསསོགས་མཐའ་ཡས་པ་ཞིག་མཛད་པས་འཛམ་གླིང་སྔོན་ཐོན་མི་རིགས་གང་གིས་ཀྱང་བསྒྲུན་དུ་མེད་པའི་ཚད་ལ་སླེབས་སོ་ཞེས་གཞན་དག་གིས་ཀྱང་གླེང་ངོ་༎

དུས་ཀྱི་འགྱུར་བ་དང་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཞིག་གིས་གནའ་བོའི་ཤེས་རིག་གིའབྱུང་གནས་སུ་གྱུར་བའི་རྒྱ་གར་གྱི་སྒྲ་རིག་པའང་བར་སྐབས་ཤིག་ཏུ་རྒྱ་གར་རང་ས་ནས་འགོ་བརྩམས་ཏེ་ཉམས་དམེས་ཆེན་པོ་བྱུང་ཡང་། འཛམ་གླིང་མི་རིགས་ཁག་གི་ཤེས་ལྡན་པ་དུ་མས་ཐབས་ནུས་གང་ཡོད་ཀྱིས་མྱུར་སྐྱོབ་བྱས་པས་འཇིག་རྟེནདང་འཇིག་རྟེན་ལས་འདས་པའི་གཞུང་ལུགས་འབུམ་ཕྲག་གི་སྒོ་ཟ་འབྱེད་པའི་ལྡེམིག་ལྟ་བུ་འདིའི་གཟི་བྱིན་ཡང་བསྐྱར་ས་ཆེན་པོའི་ཁྱོན་ལ་ཕྱོཊ་མེད་དུ་འཕྲོ་བཞིན་པ་ལགས་ཏེ། དབྱིན་ཇི་བས་བོད་ལ་བཙན་འཛུལ་བྱས་སྐབས་རྭ་སྒྲེང་དཔེ་མཛོདཁང་ནས་དཔེ་ཆ་སྣ་ཚོགས་རླངས་འཁོར་གཉིས་ཙམ་ཞིག་འཕྲོག་ཏེ་རྒྱ་གར་དུ་ཁྱེརབའི་ཁྲོད་ན་ཙནྡྲ་བའི་མདོ་སོགས་མང་དུ་ཡོད་པ་དེས་གཞི་བྱས་ཤིང་རྒྱ་གར་དུ་བྱོན་པའི་བོད་ཀྱི་མཁས་པ་སྒྲ་རིག་སྨྲ་བ་འགས་རམ་འདེགས་ལ་བརྟེན་ཏེ་རྒྱ་གར་རང་དུ་མེས་པོའི་རིག་གནས་ལ་ངོ་མཚར་དང་རྒྱུད་འཛིན་བྱེད་པའི་ཚ་རླབས་ཤིག་འཕྱུརབས། མཐོ་འབྲིང་རིམ་པའི་སློབ་གྲྭ་དང་། ཆེད་སྦྱོང་སློབ་གྲྭ་ཆེན་མོ། སློབ་གྲྭ་ཆེན་མོགཞན་དག་གི་ནང་དུའང་འདེམས་སློབ་བྱེད་ཆོག་པའི་རིག་གནས་སུ་གཏན་འབེབས་གནང་བར་མ་ཟད་སཾ་སྐྲྀ་ཏ་ཁོ་ན་སློབ་གཉེར་བྱེད་པའི་སློབ་གྲྭའང་མི་ཉུང་བ་ཞིག་བཙུགས་པས། ད་ལྟ་ཉམས་པ་སོར་ཆུད་བྱུང་སྟེ་རང་རྐང་ཟིན་པའི་གཞོན་ནུ་མང་བོས་ཟློས་གར་དང་གློག་བརྙན་སྐོར་ཞིག་ཀྱང་སཾ་སྐྲྀ་ཏའི་སྐད་ཀྱིས་འཁྲབ་སྤེལབྱེད་ཐུབ་པར་གྱུར། སྤྱི་དམངས་ཀྱི་ཕལ་སྐད་ནང་དུའང་ལེགས་སྦྱར་སྐད་ཀྱི་མིངབརྡ་གང་འཚམས་རེ་སྤྱོད་བཞིན་ཡོད་པས་སྒྲ་ལ་ཅུང་ཙམ་སྦྱངས་མྱོང་བ་ཞིག་ཡིནཕྱིན་ད་ལྟའི་རྒྱ་གར་བ་དང་ཁ་བརྡ་བྱས་ནའང་རྒྱུན་འཀོལ་འཚོ་བ་དང་ཆོས་ལུགས་སྐོར་ནས་གོ་བརྡ་འཕྲོད་མིན་ལ་དཀའ་ཁག་ཆེར་མི་འདུག་ཅེས་སློབ་དཔོན་བཀའདྲིན་ཅན་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོའི་ཞལ་ལས་དངོས་སུ་ཐོས་སོ། །

སངས་རྒྱས་ཆོས་ལུགས་ཀྱི་གཟི་བྱིན་དང་འགྲོགས་ཏེ་ཡ་གླིང་དང་ནུབ་གླིང་རྒྱལ་ཁབ་མང་བོ་ཞིག་ལའང་རྒྱ་ཁྱབ་ཏུ་དར་བས་སྒྲ་རིག་སྡུར་དཔྱོད་རིག་པ་དང་ལྷ་སྒྲུང་སྡུར་དཔྱོད་རིག་པ།  རྩོམ་རིག་སྡུར་དཔྱོད་རིག་པ་སོགས་ཀྱང་ལེགས་སྦྱར་རིག་གནས་ལ་ཞིབ་འཇུག་བྱས་པའི་འབྲས་བུའི་ཟུར་མཚོན་ཙམ་རེད་ཅེས་བརྗོད་ཆོག་ལ་ནུབ་གླིང་བའི་བསམ་བློ་དང་འཚོ་བའི་ནང་དུའང་སྒྲ་རིག་པ་དང་རྟེན་ཅིང་འབྲེལའབྱུང་གིས་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་ཡོད་པར་བཤད། དབྱིན་ཡིག་ཁྲོདདུའང་ནང་ཆོས་དང་འབྲེལ་བའི་ཐ་སྙད་ཕལ་ཆེར་སཾ་སྐྲྀ་ཏའི་སྐད་གདངས་གཞིརབཞག་བྱས་དང་བྱེད་བཞིན་པ་རེད། དཔེར་ན། ད་ལྟ་ཚན་རིག་དང་དཔལ་འབྱོརསོགས་ཆ་གང་ཐད་ནས་འཕེལ་རྒྱས་སུ་ཕྱིན་པའི་རྒྱལ་ཁབ་ཨོ་སི་ཁྲུ་རི་ཡ་(ཧྱསྨཛྀངྠི)དང་ནོར་ཝེ།(སཱིཀྚཻ)  འཇར་མན།(ཝོངྷྱ) དབྱི་ཏ་ལི།(ཏྻུསྨཛྀ) ཧྥ་རན་སི།(ཀྭངྷྱ)ཞི་ལ།(ཀྛུཙཽ) སུ་ཝེ་ཙེར།(ཎྡཱངྔྷ) ཨ་མེ་རུ་ཁ།(རྫྫངྷྱ) ཁ་ན་ཊ།(དྷོལླཱིསྨ) འཇརཔན།(ཎེཾལྐ)སོགས་ཀྱི་སློབ་གྲྭ་ཆེན་མོ་ཕལ་ཆེར་ལ་སཾ་སྐྲྀ་ཏའི་སྐད་ཡིག་ཆེད་སྦྱོང་གིའཛིན་གྲྭ་བཙུགས་ཏེ་སློབ་སྦྱོང་བྱེད་བཞིན་པར་མ་ཟད། ཞིབ་འཇུག་ཚན་ཁག་གང་མང་བཙུགས་ཏེ་ཞིབ་འཇུག་མི་སྣ་བསྐྱེད་བསྲིངས་དང་། གནའ་རབས་རྒྱ་གར་གྱི་ལོ་རྒྱུས། སྙན་ངག ཆོས་འབྱུང་། མཚན་ཉིད་རིག་པ། སྒྲུང་གཏམ། ཟློས་གར། སྨན་རྩིས། ཆབ་སྲིད་དང་ཁྲིམས་ལུགས་སྐོར་གྱི་བརྩམས་ཆོས། ཆེས་གནའ་བོའི་དུས་ཀྱི་རྡོབརྐོས་རིག་དངོས་སོགས་ལ་སྒྲ་རིག་པའི་ལམ་ནས་གཏིང་ཟབ་པའི་ཞིབ་འཇུག་བྱས་པ་ན་ཤར་ཕྱོགས་པའི་རིག་གནས་ལ་ངོ་མཚར་སྐྱེས་ཤིང་སྒྲ་རིག་བསྟན་བཅོས་ཀྱིགཏེར་མཛོད་དུ་གྱུར་བའི་སྒང་བ་བོད་ལ་འགྲམ་ཆུ་ལྡང་བཞིན་པའི་དུས་རེད།

རྒྱ་ནག་ལ་བཅིངས་འགྲོལ་ཡར་སྔོན་དུ་སྒྲ་རིག་སློབ་སྦྱོང་གི་འཛིན་གྲྭ་དང་སློབཚན་ཁྲིད་གཞི་སོགས་མ་དར་མོད། སློབ་དཔོན་ཐོས་བཟུང་དང་ཧྭ་ཤང་ངྷཱརྨ་ཀྲ། ཧྭཤང་ཡེ་ཤེས་རྒྱན་དང་རིན་ཆེན་སྤྲིན། ཧྭ་ཤང་ཞི་ཧེང་། ཐང་སུན་བླ་མ་སོགས་ཆེསམང་བོ་ཞིག་རྒྱ་གར་འཕགས་པའི་ཡུལ་དང་ཉེ་རབས་ཀྱི་དོན་གཉེར་ཅན་དུ་མ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ཏུ་ཕེབས་ནས་སཾ་སྐྲྀ་ཏའི་སྐད་དང་་གཞུང་ལ་གཤིས་ཕྱིན་པར་སྦྱངས་རྗེས། ཕལ་ཆེན་སྡེའི་འདུལ་བ་དང་། མདོ་རྒྱ་ཆེར་རོལ་བ། སྟུག་པོ་བཀོད་པའི་རྒྱན། སྟོང་ཕྲག་ཉི་ཤུ་བ། བྱམས་ཆོས་སྡེ་ལྔ་ (ཐང་སུན་གཅིག་བུས་བཀའ་བསྟན་རྒྱདཔེ་གླེགས་བམ་དྲུག་བརྒྱ་དང་ང་བདུན་བསྒྱུར་ཞེས་རྒྱ་ནག་ཆོས་འབྱུང་ལས་བཤད་) སོགསམཐའ་ཡས་པ་ཞིག་བསྒྱུར་བར་མཛད། བཅིངས་འགྲོལ་རྗེས་སུ་ཅི་ཞན་ལིང་དངཅིན་ཁེ་མུ། ཝང་སིང་། ལོ་ཧྲི་ཧྥང་སོགས་ཀྱིས་སཾ་སྐྲྀ་ཏའི་སྐད་ལ་ལེགས་པར་སྦྱངསཤིང་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་ <<སྒྲ་རིག་སློབ་དེབ >> དང་ <<སཾ་སྐྲྀ་ཏའི་སྐད་ཡིག་སློབ་དེབ་>> སྔ་ཕྱིར་བརྩམས་ཏེ་པེ་ཅིན་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་སྐདརིགས་སྡེ་ཚན་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཤར་ལྷོ་ཡ་ཞི་ཡ་ཞིབ་འཇུགཚན་ཁག་སོགས་ཀྱིས་ཁྲིད་གཞི་དེ་དག་ལ་བརྟེན་ནས་སཾ་སྐྲྀ་ཏའི་སྐད་ཡིག་ཤེས་པའི་ན་གཞོན་དུ་མ་བསྐྱེད་སྦྲིངས་བྱས། ད་ལྟའང་སློབ་དེབ་དེ་དག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ཅིག་ནས་སློབ་གཞིར་འཛིན་གྱིན་འདུག

རང་རེ་གངས་ཅན་བོད་ལ་ནི་གོང་དུ་བརྗོད་པ་བཞིན་སྔ་རབས་ལོ་པཎ་ཚོའི་སྐུདྲིན་གྱིས་སྒྲ་རིག་གི་གཞུང་ལུགས་གྲངས་མཐའ་མེད་པ་ཡོད་ལ། སྒྲིག་ལུགས་དངཁྲིད་ཐབས་སོགས་ཆ་ཐམས་ཅད་ནས་མི་རིགས་གཞན་གྱི་སྒྲ་གཞུང་ལས་ཁྱད་དུ་འཕགས་ཤིང་དགེ་མཚན་ཆེ་ཞེས་ཤེས་ནས་སྨྲ་བ་དག་གིས་ཡང་ཡང་གསུངས་ཤིང་། དོན་གྱིས་ཀྱང་ལེགས་སྦྱར་གྱི་ཡི་གེ་ནི་བོད་ཀྱི་ཡི་གེ་གཉིས་པ་ལྟ་བུར་བགྲང་ཆོག་པཞིག་རེད་སྙམ། རྐྱེན་དབང་དུ་མའི་དབང་གིས་དུས་རབས་ཉི་ཤུ་བའི་དུས་དཀྱིལཙམ་ནས་བོད་དར་སྒྲ་རིག་ལའང་ཤས་མི་བཟོད་པའི་ཉམས་རྒུད་བྱུང་མོད། གངས་ལྗོངས་མཁས་པའི་དབང་བོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་དང་། ཀ་ཙནདབྱངས་གསུམ་དང་པཱ་ཎི་བ་བཅས་ཀྱི་ཁྲིད་རྒྱུན་ཆ་ཚང་བཞུགས་པའི་མཁན་པོ་ཁྲོརི་ཚེ་རྣམ་ཚང་། རྗེ་བཙུན་ཚེ་ཏན་ཞབས་དྲུང་ཚང་།  རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ། དུས་འཁོར་བ་སྨད་སོག་བཛྲ་ཚང་དང་ཤེས་རབ་ཆོས་འཕེལ་ཚང་སོགས་ཀྱིས་རིན་ཆེན་གསེར་ལས་ལྷག་པའི་རིག་གཞུང་འདིའི་རྒྱུན་མཐུད་དེ་ཁྲིད་སྤེལ་རྒྱ་ཆེརགནང་ཞིང་། སྤྱི་ལོ་ ༡༩༨༥ ལོར་ནུབ་བྱང་མི་རིགས་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་ཚན་ཞིག་ཏུ་གཏན་འཁེལ་གྱིས་ཁྲིད་སྤེལ་བྱས་པ་སོགས་འཕེལ་རྒྱས་དགའ་རབ་བྱུང་ཡང་། ད་ལྟ་ཞིབ་འཇུག་སློབ་མའི་ཐོག་མའི་རྒྱུགས་གཞིར་སྒྲ་རིག་སྐོར་གྱི་ཚན་པའགའ་རེ་ཡོད་པ་ལས་གཞན་དངོས་སུ་ཁྲིད་སྤེལ་བྱེད་ཀྱིན་མེད་ལ། ད་ནི་ཐོག་མའིརྒྱུགས་གཞིའི་ནང་ནས་ཀྱང་རྒྱང་ཕུད་གཏོང་རྩིས་བྱེད་བཞིན་པ་ཐོས། ལྷག་པར་དུ་གཞོན་རབས་པ་མང་བོ་ཞིག་གིས་སྒྲ་རིག་པ་ནི་མི་རིགས་གཞན་པ་ཞིག་གི་གཞུངཡིན་པས་བོད་ལ་འབྲེལ་བ་མེད། གལ་ཏེ་ཡོད་ཀྱང་ནང་བསྟན་ཆོས་ལུགས་ཀྱིདགོངས་དོན་རྟོགས་པའི་ལག་ཆ་ཙམ་རེད་ཅེས་བྱུང་རྒྱལ་དུ་སྨྲ་བར་བྱེད་དོ༎དེ་ནིབྱིས་པའི་ཀུ་ཅོ་དང་སྨྱོན་པའི་ལབ་བརྡོལ་ཙམ་ལས་གཞན་ཅི་ཡང་མིན་ཏེ། སྒྲ་རིག་པ་ནི་ནང་བསྟན་ཆོས་གཞུང་གི་དགོས་མཁོ་ཙམ་མ་ཡིན་པའི་རིག་གནས་སྤྱི་ལ་ཆུ་དང་འོ་མའི་ངང་ཚུལ་གྱིས་འབྲེལ་ཞིང་འཛམ་གླིང་མི་རིགས་ཁྲོད་ངོམ་རིན་ཡོད་པའིདགོས་འདོད་ནོར་བུ་ཞིག་ཡིན་པ་ཤེས་གལ་ཆེ་སྟེ། ང་ཚོའི་སུམ་རྟགས་དག་གསུམསོགས་བརྡ་སྤྲོད་གཅིག་བུའི་ཐད་ནས་བཤད་ནའང་། སྒྲ་གཞུང་གི་དབྱངས་གསལམཚམས་སྦྱོར་གྱི་ཚུལ་ཤེས་ན་རྗེས་འཇུག་གི་ནུས་པས་རྣམ་དབྱེ་དང་ཚིག་ཕྲད་སོགས་འདྲེན་པའི་ཆོས་ཉིད་རྟོགས་པར་འགྱུར་ལ། སྒྲ་གཞུང་གི་དབྱངས་སྲོག་ཞུགས་ཀྱིརྣམ་བཞག་ཤེས་ན་བོད་སྐད་དུ། རྗེས་འཇུག་བཅུ་བོ་མ་ཞུགས་ན༎མིང་གཞན་སྦྱོར་བ་ཡོད་མི་སྲིད་པའི་དཀའ་གནད་རང་སེལ་དུ་འགྲོ། སྒྲ་གཞུང་གི་བྱིངས་སྒྲུབ་ཀྱི་ངང་ཚུལ་རྟོགས་ན་མིང་གཞིའི་ཡི་གེ་སུམ་ཅུར་རྗེས་འཇུག་བཅུ་ཅིའི་ཕྱིར་འཇུག་ཅིང་སྦྱོར་བའི་རྒྱུ་མཚན་ཤེས། སྒྲའི་རྐྱེན་ལ་བྱང་ན་སྔོན་འཇུག་ལྔ་བོ་གང་རུང་ཞུགས་པའི་སྟོབས་ཀྱིས་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་གྱི་ཁྱད་པར་འབྱུངཚུལ་ལ་ངེས་ཤེས་རྙེད། བྱིངས་ལས་མིང་དུ་སྒྲུབ་པར་བྱེད་པའི་ཀྲྀཏྲའི་སྦྱོར་བ་ལསརྟགས་མཚུངས་དང་སྒྲ་མཚུངས་ཀྱི་དབང་གིས་མིང་མཐུན་ལྷན་ཅིག་ཏུ་སྦྱོར་ཚུལསོགས་ཀྱང་རྟོགས་པར་ཕན། སྒྲའི་ཉེར་བསྒྱུར་དང་དེ་ཕན་ཅི་རིགས་ལས་མིང་ཚིག་གི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྱར་ན་དོན་ཞིག་སྟོན་ལ། དེ་ལྟར་མ་སྦྱར་བར་སྤྱི་བམ་ཞིག་ལས་དོན་གསལ་བོར་མི་སྟོན་པའི་ཚིག་ཕྲད་ཀྱི་ངོ་བོ་དང་འཇུག་པའིརྣམ་བཞག་ཤེས། བྱེད་ཅན་གཉིས་དང་མིང་ལས་ཚིག་ཏུ་བསྒྲུབ་པར་བྱེད་པའི་མིང་ལེ་སྟེ། སྐྱེས་པའི་རྟགས་དབྱངས་མཐའ་ཅན་དང་བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན། མ་ནིང་གི་རྟགས་དབྱངས་མཐའ་ཅན། སྐྱེས་པའི་རྟགས་ཧ་སའི་མཐའ་ཅན།  བུད་མེད་ཀྱི་རྟགས་ཧ་སའི་མཐའ་ཅན་། མ་ནིང་གི་རྟགས་ཧ་སའི་མཐའ་ཅན་རྣམས་ཀྱི་སྦྱོར་ཚུལ་ལེགས་པར་ཤེས་ན་རྣམ་དབྱེ་བརྒྱད་ཀྱི་ཁྱད་པར་དང་གོ་དོན་ལ་ནངབྱན་ཆུད་པར་འགྱུར། སྒྲའི་ཚིག་སྡུད་ཀྱི་ཆོ་ག་ལས་བོད་ལའང་མིང་ཚིག་དག་གི་ཡན་ལག་དང་ཆ་ཤས་ཕྲད་དང་རྣམ་དབྱེ་སོགས་བསྡུས་ཏེ་ཚིག་འབྲུ་ཉུང་བར་བྱས་ནའང་ཚིག་རྒྱས་པའི་དོན་རྣམས་མ་ཚང་བ་མེད་པར་སྟོན་ཐུབ་པའི་སྐད་ཆའི་སྒྱུ་རྩལ་ཡོད་པའི་ཆོས་ཉིད་རྗེན་འཆར་དུ་འོང་།  སྒྲ་གཞུང་དུ་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་བ་ལས་བོད་ལ་རྩེག་འདོགས་ཀྱི་རིག་འཕྲུལ་བྱུང་བའི་གསང་བརྙེད། རྒྱ་གར་གྱི་རྣམ་དབྱེ་ཡིན་ན་ཚིག་ཡིན་པས་ཁྱབ་ཀྱང་བོད་ལ་མ་ཁྱབ་པ་དང་། རྒྱ་གར་གྱི་ཡི་གེར་རིང་ཐུང་དང་ལྕི་ཡང་གི་རྣམ་བཞག་ཡོད་ཀྱང་བོད་ལ་མེད་པ། རྒྱགར་གྱི་རྣམ་དབྱེར་ནང་གསེས་ཉེར་གཅིག་ཡོད་ཀྱང་བོད་ལ་བརྒྱད་ཀྱིས་ཆོག་པ། རྒྱ་གར་ལ་དབྱངས་གསལ་ལྔ་བཅུ་དགོས་ཀྱང་བོད་ལ་དབྱངས་གསལ་སོ་བཞིས་མི་འདང་བ་མེད་ཚུལ་སོགས་དཔྱིས་ཕྱིན་པར་ཤེས་ན། སློབ་དཔོན་ཐོན་མིས་བོད་ཡིག་བཟོ་བའི་ཁོངས་རྒྱ་གར་གྱི་སྒྲ་རིག་པར་བཅོལ་ཀྱང་དབྱངས་ལ་འཕྲི་བསྲེ་གཉིས་དང་གསལ་བྱེད་ལ་འཕྲི་སྣོན་གཉིས་མཛད་དགོས་བྱུང་བ་སོགས་ཀྱི་དཀའ་གནད་མང་བོ་ཞིག་ཀྱང་རང་སེལ་དུ་འགྲོ་བ་ཡིན་ནོ༎

འདི་ལྟར་ཞིབ་ཏུ་བསམ་ཚེ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་བོས་རྒྱལ་ཁབ་ཅིག་གི་གནའ་བོའི་ཤིས་རིག་ལ་ཞིབ་འཇུག་ཙམ་གྱི་ཆེད་དུ་སཾ་སྐྲྀ་ཏའི་སྐད་དང་རིགགཞུང་ལ་སྦྱང་བརྩོན་གྱི་གོམ་སྟབས་ལྷོད་མེད་བྱེད་པའི་ཚུལ་ལགས་ན། ད་ཚོས་ད་ལྟ་སྒྲ་རིག་ལ་བཟུང་བའི་གནས་བབས་ནི་ངོ་གནོང་ཞིང་ཡིད་སྐྱོ་བའི་གནས་སུ་ལྷུངཡོད་པ་མངོན་སུམ་ཡིན་པས། རང་རེའི་རིག་གཞུང་ཀུན་དང་ཤ་འདྲེས་པགས་འདྲེས་སུ་གྱུར་ཟིན་པའི་སྒྲ་རིག་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཅིག་ཏུ་གཞོལ་བར་རིགས་སོ་ཞེས་གཟུར་གནས་ཤེས་ལྡན་ཡོངས་ལ་སྙན་སྒྲོན་དུཕུལ་བ་ལགས་སོ༎

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།