དབུས་གཙང་ཡུལ་ན་ཆོས་སྲིད་གཡུ་མཚོ་འཕྱུར། །
ཨ་མདོའི་ཡུལ་ན་རིག་གནས་ཉི་འོད་འབར། །
ཁམས་པའི་ཡུལ་ན་དཔལ་འབྱོར་འཕེལ་ཁ་དར། །
སེམས་པའི་ཨ་ལོང་སྦྲེལ་དང་གངས་ཅན་པ། །
སྐྱབས་གཅིག་བླ་མའི་བྱམས་བརྩེ་མཚོ་ལྟར་ཟབ།།
མི་ཆེན་དཔོན་པོའི་མཁྱེན་རྒྱ་མཁའ་ལྟར་ཡངས། །
གནའ་དེང་མཁས་པའི་རིག་པ་གློག་ལས་མྱུར། །
སེམས་པའི་ཨ་ལོང་སྦྲེལ་དང་གངས་ཅན་པ། །
སྲོལ་རྒྱུན་རིག་པའི་དགེ་མཚན་འོད་དུ་འཚེར། །
གསར་དར་ཤེས་བྱའི་ཕན་རླབས་དགོང་དུ་འཕྱུར།།
མ་བཅོས་རང་གཤིས་སྨྱུག་མའི་མདའ་ལས་དྲང་། །
སེམས་པའི་ཨ་ལོང་སྦྲེལ་དང་གངས་ཅན་པ། །
རྒན་པོར་སྲིད་པ་ཆགས་པའི་བསླབ་བྱ་ཡོད། །
གཞོན་པར་མི་རིགས་སྐྱོང་གི་དཔའ་སྤོབས་ཡོད། །
བྱིས་པར་སློབ་གྲྭར་འགྲིམ་པའི་སྤྲོ་བ་ཡོད། །
སེམས་པའི་ཨ་ལོང་སྦྲེལ་དང་གངས་ཅན་པ། །