ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་སང་གིས་སྒོ་མང་དགོན་དུ་གནས་བརྟན་ལྷ་ཁང་བཞེངས་པ།

མི་ལོ་མང་བོའི་སྔོན་ནས་རྗེ་བཙུན་དམུ་དགེ་བསམ་རྒྱ་མཚོས་ཐུགས་བཀོད་གནང་ཡོད་པ་བཞིན། སྐྱབས་རྗེ་ཧྭར་བ་རིན་པོ་ཆེས་བཀས་བསྐུལ་ཏེ། མཐའ་བ་ཧུ་ར་མའི་ལྡོང་སང་གིས་སྒོ་མང་ཚོགས་ཆེན་འདུ་ཁང་ཡང་སྟེང་དུ་གནས་བརྟན་ལྷ་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་གྲུབ་པར། སྤྱི་ལོ་༢༠༡༩-༧-༢༩་ཉིན་སྐྱབས་རྗེ་བླ་མ་ཧྭར་བ་རིན་པོ་ཆེད་དུ་ཕེབས་ནས་རྒྱུན་ཆགས་གསུམ་པ་དང་རབ་གནས་སོགས་གསུངས་ཤིང་། ཐུགས་དགྱེས་པའི་བསྔགས་བརྗོད་དང་གསུང་གླེང་མང་བོ་གནང་།