ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སི་ཁྲོན་མཛོད་དགེ་རྫོང་དུ་ཕེབས་པ།

སྤྱི་ལོ་2019.9.6ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཨ་སྐྱིད་བཀྲ་ཤིས་ཐང་ཆེན་དུ་ཕེབས་ཏེ།གྲོ་ཚང་དགོན་དང་དགུ་བརྒྱ་དགོན་གྱིས་གཙོས་སེར་སྐྱ་སྟོང་ཕྲག་མང་བོར་ཡན་ལག་བདུན་པ་དང་འབྲེལ་ཆོས་རིག་སློབ་གསོ་ཟབ་རྒྱས་གནང་།མཇུག་ཏུ་གྲོ་ཚང་པཎྜི་ཏས་ཐུགས་བཀོད་བཞིན་སློབ་དཔོན་མཆོག་ལ་དགོན་གྲོང་སྤྱིས་བརྟན་བཞུགས་ལེགས་པོ་ཕུལ།ཕྱི་དྲོར་ཨ་སྐྱིད་ལྟེ་བའི་སློབ་ཆུང་དུ་ཕེབས་ཏེ་དགེ་སློབ་ཡོངས་ལ་བསླབ་སྟོན་ཟབ་མོ་གནང་།ཉིན་དེར་སློབ་དཔོན་མཆོག་གིས་གྲོ་ཚང་དགོན་གཞུང་དང་དགོན་པའི་སློབ་གླིང་།དགུ་བརྒྱ་དགོན།ཨ་སྐྱིད་སྐད་ཡིག་ཞབས་འདེགས་ཚན་ཆུང་།ཨ་སྐྱིད་ལྟེ་བའི་སློབ་ཆུང་བཅས་ལ་སྒོར་ཉིས་སྟོང་རེ་སྟེ་ཁྱོན་སྒོར་ཆིག་ཁྲི་ཞལ་འདེབས་སུ་ཕུལ།