ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་གངས་ལྗོངས་ལྷག་བསམ་མི་སྣ་ཞེས་པའི་བྱ་དགའ་ཕུལ་བ།

སྤྱི་ལོ་༢༠༡༨ལོའི་ཟླ་༡བོའི་ཚེས་༢༨ཉིན་གྲུབ་མཐའ་རིས་མེད་ཀྱི་ཆོས་བརྒྱུད་དྲུག་གི་མི་སྣ་དང་བཙུན་མའི་འཐུས་ཚབ་པ། སྤྱི་ཚོགས་འཐུས་ཚབ་མི་སྣ། ལྷ་རྗེ་བའི་འཐུས་ཚབ་མི་སྣ་སོགས་སྡེ་ཚན་ཆེན་པོ་དགུ་ལས་གྲུབ་པའི་མི་སྣ་བཞི་བརྒྱ་ལྷག་གནས་མཆོག་བྲག་དཀར་རྫོང་དུ་འཛོམས་ཏེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་ལོ་འཁོར་༢༩འཁོར་བའི་རྗེས་དྲན་ཚོགས་འདུ་དང་འབྲེལ་བའི་བདེ་ཐང་ལམ་སྟོན་འོད་སྡེར་འགྲེལ་སྤེལ་གྱི་བགྲོ་གླེང་ཚོགས་འདུའི་ཐོག བོད་ཀྱི་སློབ་གསོ་བ་དང་རྩོམ་པ་བོ་གྲགས་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལ་གངས་ལྗོངས་ལྷག་བསམ་མི་སྣ་ཞེས་པའི་བྱ་དགའ་ཕུལ།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།