ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྔ་བའི་གསོ་སྦྱོང་འཛིན་གྲྭར་ཕེབས་པ།

སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་བོའི་ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྒྲུབས་པའི་རིན་མེད་སྤྱི་ཕན་ཟབ་སྦྱོང་འཛིན་གྲྭ་ཐེངས་གསུམ་པའི་སྟེང་ཕེབས་ཏེ་དགེ་སློབ་ཡོངས་ལ་གལ་གནད་ཆེ་བའི་གསུང་བཤད་ཡིད་འཁུལ་བ་མང་བོ་གནང་ཞིང་།  ད་ལོའི་ཟབ་སྦྱོང་གི་དགེ་རྒན་སོགས་ལ་གཟེངས་བསྟོད་བྱ་དགའ་དང་ཁོང་གིས་བརྩམས་པའི་ཧྭར་བ་རིན་པོ་ཆེའི་རྟོགས་བརྗོད་མི་ཕམ་རྣམ་པར་རྒྱལ་བའི་རོལ་མོ་ཞེས་པ་སྒོར་བཞི་སྟོང་ཡས་མས་ཀྱི་རིན་སློབ་མ་ཡོངས་ལ་ལེགས་སྐྱེས་སུ་བསྩལ་བར་མ་ཟད། རྔ་བའི་ཐོན་མིའི་སློབ་ཚོགས་ལ་སྒོར་ཆིག་སྟོང་ཞལ་འདེབས་སུ་གནང་།   སང་ལོའི་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་གཉེར་བ་དང་དགེ་རྒན་བསྐོ་བཞག་དང་བྱ་བ་བསྒྲུབ་ཕྱོགས་སོགས་ལ་བསླབ་སྟོན་ཡང་མཛད།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།