ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ལམ་རིམ་ཆེན་མོའི་ལུང་རྒྱུན་གནང་བ།

རྨ་ཆུ་ཞལ་ཤུལ་དགོན་གྱི་བཀྲ་ཤིས་རྒྱ་མཚོ་དང་། རྔ་སྨད་གདོང་རི་དགོན་གྱི་དར་རྒྱས། ཡུལ་ཤུལ་ཆུ་དམར་ལེབ་ཀྱི་འཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་ཡང་ཡང་ཞུས་ངོར།སྤྱི་ལོ་༢༠༡༨ལོའི་ཟླ་༡བོའི་ཚེས་༤ཉིན་ནས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས།ཁོང་གི་བཞུགས་ཤག་ཏུ་རྔ་ཡུལ་སྒོ་མང་དགོན་གྱི་བླ་སྤྲུལ་དང་དགེ་བཤེས་ཁག་གཅིག་གིས་གཙོས། དགོན་སྡེ་བཅུ་ཙམ་གྱི་དོན་གཉེར་ཅན་མང་བོར། བྱང་ཆུབ་ལམ་རིམ་ཆེན་མོའི་ལུང་རྒྱུན་ཡང་དག་པ་གནང་ཞིང་། མཚམས་མཚམས་སུ་བཤད་པ་ངོ་མཚར་བ་མཛད་པས་ཐམས་ཅད་འགྱུར་མེད་དད་པའི་དཔལ་ལ་བཀོད། ཚེས་༩ཉིན་མཇུག་ལེགས་པར་གྲུབ།