ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་གསར་འགྱུར།

ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་སྐབས་བཞི་བའི་ཚོགས་འདུ།

གསར་འགྱུར།

དེ་རིང་སྟེ་སྤྱི་ལོ་༢༠༡༩ལོའི་ཟླ་༡༢པའི་ཚེས་༡༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་དཔོན་དམ་པ་༧ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དབུ་བཞུགས་འོག་ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་ལོ་གཅིག་རིང་གི་བྱ་བའི་སྤྱི་བསྡོམས་ཚོགས་འདུ་འཚོགས་ཤིང་།  ཚོགས་གཙོ་ས་སྒང་འཇམ་དབྱངས་མཁྱེན་རབ་ལགས་ཀྱིས་གསུང་ཆོས་ཡིག་ཕབ་དང་རྩོམ་སྒྲིག་གི་བྱ་བ་སྣ་ཚོགས་ཀྱི་གནས་ཚུལ་སྙན་སྒྲོན་ཞུས་ཤིང་།  རྩོམ་སྒྲིག་ཚོགས་གཞོན་འཕྲིན་ལས་ཉི་མ་ལགས་ཀྱིས་ད་ལྟའི་བར་གང་ཅིའི་བྱ་བཞག་ཐད་ནུས་པ་བླ་མེད་བཏོན་ཏེ་གྲུབ་འབྲས་བཟང་བོ་ཐོབ་པར་ཆེད་དུ་གཟི་བརྗིད་དཔང་ཡིག་དང་བྱ་དགའ་གནང་།   དེ་བཞིན་མི་འགྱངས་པར་སློབ་དཔོན་མཆོག་གི་གསུང་རྩོམ་ཡོད་ཚད་ཕྱོགས་བསྒྲིགས་དང་པར་སྐྲུན་བྱ་བའི་ལས་གཞི་དངོས་སུ་དབུ་རྩོམ་པར་གྲོས་ཆོད་བཞག་སྟེ་ཚོགས་འདུ་བདེ་ལེགས་ངང་མཇུག་གྲོལ།
ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གིས།

东·永丹嘉措大师文集编辑部的消息

于2019年12月14日,在东·永丹嘉措大师的带领下,文集编辑组的多数成员聚集在吉美坚赞民族职业学校召开了年底工作总结会。会议上该编辑组组长嘉央青热总结了一年的工作进展情况并规划了2020年的工作任务与要点;副组长成立尼玛因工作表现与成绩优异获得了优秀成员奖。在所有成员频频发言后最终决议在未来几年内大师的所有文集将会出版发行。
最终东·永丹嘉措大师总结了今天的会议并肯定了所有成员在一年当中付出的努力与心血,而且展望编辑组的工作将会越来越顺利。
 
              编辑小组