ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ལྡོང་གསུང་ཆོས་ཁང་གི་སྐབས་གཉིས་པའི་བཞུགས་མོལ་ཚོགས་འདུ།

ཕྱི་དྲོ་ཆུ་ཚོད་༢:༣༠སྟེང་ཡང་བསྐྱར་༧སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དབུ་བཞུགས་མཛད་དེ་ལྡོང་གསུང་ཆོས་ཁང་གི་སྐབས་གཉིས་པའི་བཞུགས་མོལ་ཚོགས་འདུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འཚོགས་ཤིང་། ཚོགས་སྟེང་དུ་ཚོགས་མི་སོ་སོས་ལོ་གཅིག་གི་རིང་ཁོང་གི་གསུང་བཤད་ཕབ་བསྒྱུར་བྱས་པའི་སྐོར་ནས་མཉམ་མྱོང་བརྗེ་རེས་དང་འབྲེལ་ཏེ་གལ་ཆེའི་བསམ་ཚུལ་ལྷུག་བརྗོད་གནང་། མཇུག་མཐར་ལོ་གཅིག་གི་རིང་གསུང་བཤད་ཡིག་ཕབ་པ་རྟ་ནག་སྐལ་བཟང་ལུང་རིགས་དང་འབའ་གཞུང་འཇིགས་མེད་གཉིས་ཀྱིས་གསུང་བཤད་ཡིག་ཕབ་བྱས་པ་ཆེས་མང་བས་གཟི་བརྗིད་བྱ་དགའ་གནང་སྟེ་ཚོགས་འདུ་བདེ་བླག་ངང་གྲོལ།    

༧སློབ་དཔོན་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་གསུང་ཆོས་རྩོམ་སྒྲིག་ཁང་གི་སྐབས་གཉིས་པའི་བཞུགས་མོལ་ཚོགས་འདུའི་མཉམ་པར།