ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

འབའ་རྫོང་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱི་སྤྱི་སྲུང་ཆེན་མོའི་ཐོག་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གདན་འདྲེན་ཞུས་པ།

སྤྱི་ལོ་༢༠༡༨ལོའི་ཟླ་༦པའི་ཚེས་༢༨ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱི་སྤྱི་སྲུང་ཆེན་མོའི་ཐོག་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ། དཀར་དམར་མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་མཐའ་ཡས་པའི་སྤང་ལྗོངས་ནས་མང་ཚོགས་སྟོང་ཕྲག་མང་བོར་ཡན་ལག་བདུན་པ་དང་འབྲེལ་བའི་ནང་ཆོས་ཁ་གསལ་ལ་གོ་བདེ་བའི་ལམ་ནས་གསུངས་པས། དེར་འཁོད་ཐམས་ཅད་དགའ་དད་ཀློང་ནས་མིག་ཆུ་འཐོར་ཞིང་ཐལ་སྦྱར་གསོལ་འདེབས་ཀྱི་དཔལ་ལ་བཀོད།

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།