ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཞུགས་ལྕེར་ཐིམ་པའི་ནོར་བུ།

དྲག་རླུང་གིས་གཙེས་པའི་མཐོ་སྒང་གི་ལུག་ཁྱུ། ནམ་ནམ་ཞར་ཞར་ལ་ཅི་ཞིག་གི་ཁ་ཟས་བྱེད་དགོས་པ་སྔོན་ལས་ཀྱི་ཁྲིམས་ཆད་ཡིན་ནམ།       དཔའ་བོ་ཚོ་འབྲོང་བཞིན་གཤར།   མཁས་པ་དག་མཆོད་མེ་ལྟར་གཟིམས། བསམ་བློ་བ་དག་མུན་ཁུངས་སུ་ཉར། ཉམ་ང་བའི་མཚེར་ཤུལ་ཞིག་ན།  བྱིས་པ་བསམ་མེད་ཚོའི་རྩེད་ཆས་སུ་གྱུར་བའི་གཡང་དཀར་ལུག་ཆུང་ཁོ་ན། ཚག་སྒྲའི་ཀློང་གི།  དུད་ཞགས་ཁྲོད་ཀྱི།

 འབར་མི་ཚར་བའི་ནོར་བུ་རྡོག་གཅིག    མཇུག་མཐའི་ཀི་སྒྲ་སིང་སིང་དེའི་དབུགས་སྣེ་ནས།འཇིག་རྟེན་ལ་ཞེན་ཆགས་ཡོད་ཀྱང་འགྱོད་པ་མེད་པར། སྐར་མདའ་ཞིག་གི་ཟོལ་གྱིས་ཕེབས་ཤུལ་ན།  གྲལ་འགྲིག་པའི་རུ་དཔུང་སྟུག་པོ་ཤ་འོད་བཞིན་བརྡོལ་བས། སྨྲ་བསམ་བརྗོད་མེད་ཀྱི་མི་བུའི་ཚོགས། སྔ་ས་ནས་དྲོལ་ཁོལ་མེད་པའི་སྤྱིལ་ཆུང་དུ་འཛུལ་ཏེ། སྡང་མིག་ཙམ་གྱི་འགྱུར་བའང་མེད་པར།  མ་ཎིའི་དབྱངས་རྟ་དང་མཆོད་མེའི་འོད་ངོགས་སུ་གྱེར་ནས་ཡོད།       ཚག་སྒྲ་ཁ་ཤས་ཀྱིས་ཁོད་ཡངས་པའི་འཇིག་རྟེན་བསྒུལ་སོང་། རྫོང་འཐུག་པའི་མི་ཚོགས་དཀྲོགས་སོང་། ལྟོགས་སྐོམ། རྒྱང་བཞུད། རེ་འབོད། སྐྱབས་ཞུ། ཆེས་དམའ་ས་ནས་བསྡད་ཀྱང་། ཆེས་མཐོ་སར་གཟིགས་པའི་རིགས་རྒྱུད་ཅིག་ལ་འཛམ་གླིང་བས་ཡ་མཚར་བའི་མིག་ཟུང་གིས་བལྟས་འདུག

 

 

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།