ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

ཚགས་པར་ཞིག་བཀླགས་རྗེས་ཀྱི་དྲན་འཆར།

གཟའ་ཉི་མའི་ཉིན་གྱི་ཕྱི་དྲོ་ཞིག་ལ་ང་ཚོའི་སློབ་གྲྭའི་སྤྱི་གཉེར་བས་འཕྲིནཡིག་དང་ཚགས་པར། དུས་དེབ་སོགས་མང་བོ་ཞིག་ང་ཡོད་སར་བསྐྱལ་ཡོང་། ཚགས་པར་དང་དུས་དེབ་ལ་བལྟ་རྒྱུ་ནི་ངའི་རྒྱུན་ལྡན་གྱི་འཚོ་བའི་གོམས་སྲོལ་དུ་གྱུར་ཡོད་པས་མྱུར་མོར་ཚགས་པར་ཞིག་ཚུར་བླངས། ཨོ་རེད། ཚགས་པརའདི་འདྲ་(ཕོག་ཐུགབཟོ་བར་དོགས་ཏེ་ཚགས་པར་གྱི་མིང་མ་བྲིས)ཞིག་ཉེ་སྔོན་ལྷ་ས་ནས་དཔར་བཞིན་པ་ཐོས་ཀྱང་། ལག་སོན་བྱུང་བ་ཐེངས་དང་བོ་ཡིན་པས་སྤྲོ་སྣང་དང་བཅས་ཞིབ་ཀློག་ཚརགཅིག་བྱས།

ཚགས་པར་འདི་གསར་འགྱུར་དང་དཔྱད་བརྗོད། ཚོང་ལས། གནམ་གཤིསསྔོན་བརྡ། ཚན་རིག་རྒྱུན་ཤེས། སྙན་རྩོམ་སོགས་ལས་གྲུབ་པའི་སྣ་འཛོམས་རངབཞིན་གྱི་ཚགས་པར་ཞིག་ཡིན་གཤིས་སྤྱིར་བསྔགས་བརྗོད་འབུལ་བའི་གནས་སུམཆིས།

འོན་ཀྱང་ཡུལ་སྐད་དང་མི་རིགས་གཞན་སྐད་ཀྱི་ཤན་ཞུགས་པ་ཚབས་ཆེ་བལས་གཞན། དུས་གསུམ་གྱི་ཁྱད་པར་མ་ཕྱེས་པའི་ནོར་སྐྱོན་ཆེས་མང་བོ་ཞིག་འདུག་པས་ཚགས་པར་འདི་བཀླགས་རྗེས་ངའི་སེམས་ཁམས་གཏན་ནས་མི་བདེ་བ་ཞིགབྱུང་།    ང་ཚོས་རང་གི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ། ཁྱད་པར་དུབོད་སྤྱི་སྐད་ཅིག་གཏན་ལ་དབབ་དགོས་པའི་སྐོར་མང་བོ་མང་བོ་ཞིག་རྗོད་བཞིན་ཡོད་ལ། དོན་དངོས་ཐོག་ནས་བཤད་ནའང་དེ་ལྟར་བརྗོད་དགོས་པ་མ་ཟད་ལག་ལེན་དུའངབསྟར་ཐུབ་དགོས་པ་ཞིག་རེད། ང་ཚོས་སྤྱི་འགྲོས་ཀྱི་སྐད་ཅིག་གཏན་ལ་འབེབས་ཚེངེས་པར་དུ་སྤྱི་སྐད་མ་ཡིན་པའི་ཡུལ་སྐད་གོ་དཀའ་བ་དག་འདོར་ཅི་ཐུབ་དང་།      གསར་བྱུང་དངོས་པོ་དག་ལ་ཆོས་ཉིད་དང་མཐུན་པའི་གཅིག་གྱུར་གྱི་མིང་ཚིགགསར་བཟོ། གཡར་སྐད་བེད་སྤྱོད་དགོས་ས་དག་ལ་གཡར་སྐད་སྤྱོད་པ་སོགསཐབས་ལམ་དུ་མ་འཚོལ་དགོས་པ་མ་ཟད། སྤྱིར་ཡི་གེ་ནི་སྤྱི་སྐད་ལ་བརྟེན་ནས་བཟོས་པ་ཡིན་གཤིས་དེས་སྤྱི་སྐད་ལ་ཞབས་འདེགས་གཙོ་བོ་ཞུ་དགོས་པ་ལྟ་ཅི་སྨྲོས། དེའིཕྱིར་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཁང་དང་། རྩོམ་སྒྱུར་ཁང་། དུས་དེབ་དང་ཚགས་པར་རྩོམ་སྒྲིག་ཁང་སོགས་ཀྱིས་ཡི་གེའི་རྣམ་བཞག་བརྡ་སྤྲོད་པའི་གཞུང་དག་གཞིར་བཞག་སྟེ་ཀློག་མཁན་སྤྱི་དང་འབྲེལ་ཐག་ཇེ་ཉེར་གཏོང་རྒྱུ་ནི་སྤྱི་སྐད་གཏན་འབེབསཐད་ཀྱི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་སྙམ།

བརྡ་སྤྲོད་པའི་རྩ་བ་སུམ་རྟགས་གཉིས་ནི་ཐོག་མའི་སློབ་དཔོན་བཀའ་དྲིནཅན་ཐོན་མི་སམ་བྷོ་ཊ་མཆོག་གིས་བོད་རང་གི་སྐད་ཕྱི་ཡུལ་གྱི་ཆོསཉིད་ལ་ཡོད་པདག་ཕྱོགས་སྡོམ་བྱས་པ་ཡིན་ཞིང་། རྗེས་འབྲང་བརྡ་སྤྲོད་པའི་གཞུང་དག་ཀྱངའགྲེལ་མཛད་རྣམ་པས་རྣམ་དཔྱོད་ཀྱི་རྩལ་འདོན་སྟངས་སོགས་མི་མཐུན་པ་ཅུང་རེ་ཡོད་མོད། རྩ་བའི་ཆ་ནས་བཤད་ན་ཐོན་མིའི་དགོངས་པ་ལས་མི་འདའ་བས་ཡིགཐོག་ནས་གཅིག་གྱུར་ཡིན་པ་མཚོན་ཐུབ་སྟེ། བརྡ་སྤྲོད་སྨྲ་བའི་དབང་བོ་དམུ་དགེབསམ་གཏན་མཆོག་གིས།  དེ་ལྟར་མཁས་ཆེན་ཟམ་མི་ཆད་པ་བྱུང་ནས་ཆོས་སྲིདགཉིས་ཀར་བོད་རང་གི་ཡི་གེ་བེད་སྤྱད་པས། རིམ་གྱིས་བོད་ཡིག་དེ་ཉིད་བོད་སྤྱིའིཐུན་མོང་གི་སྐད་ཡིག་ཅིག་ཏུ་ལྷུན་ཆགས་པ་བྱུང་། རོངའབྲོག་དང་ཡུལ་གྲུ་སོ་སོརསྐད་ཀྱི་གདངས་དང་བརྗོད་ཚུལ་མི་འདྲ་བ་རེ་ཡོད་ནའང་། ཡིག་ཐོག་ནས་གཅིགགྱུར་བྱུང་སྟེ། དབུས་གཙང་གི་མི་ཞིག་གི་རྩོམ་དང་། མདོ་སྨད་ཀྱི་མི་ཞིག་གི་རྩོམ་ལབལྟས་ན་ཡུལ་སྐད་ཀྱི་བྱེ་བྲག་མེད་པར་ཡུལ་གཅིག་གི་མིའི་རྩོམ་ལྟ་བུ་ཞིག་ཡིན།དེ་ནི་གཅིག་གྱུར་བྱུང་བའི་རྟགས་ཡིན་ནོ། །  ཞེས་གསུངས།

དེས་ན་ང་ཚོར་འཛམ་གླིང་ན་ངོམ་རིན་ལྡན་པའི་ཡི་གེ་དང་བརྡ་སྤྲོད་པའིགཞུང་སྤྱི་སྐད་ཀྱི་གཞུང་ཤིང་དུ་གྱུར་བ་འདི་ལྟ་བུ་ཞིག་ཡོད་ཕྱིར། ལྷ་ཚོགས་ཕྱི་རུབསྐྲད་དེ། འདྲེ་ཚོགས་ནང་དུ་བསྡུས་པའི་དཔེ་ལྟར། ཡུལ་འཁོར་ཆུང་ཆུང་རེས་གོ་ན་བོད་རིགས་ཀློག་པ་བོ་སྤྱིས་གོ་བར་རློམ་ནས་བརྡ་སྤྲོད་དང་མཐུན་པའི་མིང་ཚིགསོགས་མི་བཀོལ་བར། བོད་ཡིག་ཚགས་པར་སོགས་སུ་ཕལ་སྐད་གང་མང་ཞིག་ཁབ་འགྲོ་འབིགས་འགྲོས་བརྫངས་ཅི་ཐུབ་བྱས་ཏེ་མིང་ཚིག་ཆེས་མང་བོར་ཡིག་ཐོག་ནས་གོ་བ་ལེན་དཀའ་བའི་གནས་སུ་གྱུར་དང་འགྱུར་བཞིན་པའི་གནས་ཚུལ་ན་ནིང་ལས་ད་ལོར་མང་ཞིང་། ཁྱད་པར་དུ་ངས་དེ་རིང་བཀླགས་པའི་ཚགས་པར་དེར་ལྷ་སའིཡུལ་སྐད་བསྲེས་པ་ཆེས་མང་བར་མ་ཟད། རྣམ་དབྱེ་དང་ཚིག་ཕྲད། དུས་གསུམ།   བདག་གཞན། ཚིག་སྡུད་བཅས་བརྡ་སྤྲོད་གཞུང་དང་མི་མཐུན་པའི་ནོར་སྐྱོན་བགྲང་དཀའ་བ་ལྟར་འདུག

འདི་དག་ནི་ཨ་ཕའི་ཕོར་བ་གཙང་ཞེན་ལས་མ་འདས་པས་གཟུར་གནསདཔྱོད་ལྡན་དག་གིས་དོ་སྣང་དང་སྔོན་འགོག་བྱེད་དགོས་ཏེ། རིགས་སྨྲ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་ལས། དེང་སང་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན་ཡུལ་སོ་སོའི་ཕལ་སྐད་མིའདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས།ཞེས་ཐུགས་སེམས་དཀརབོས་བསླབ་སྟོན་དང་ལུང་བསྟན་གནང་འདུག་པ་ལྟར་རེད།

སྐབས་དེར་ད་དུང་མཐའ་མི་དང་ཡོན་ཏན་ཆེར་མེད་པ་དག་གིས་ཕལ་སྐདགཙིགས་འཛིན་བྱས་པ་ཙམ་ལས་རྒྱ་ཁྱབ་ཏུ་མ་སོང་བར་མངོན་ལ། དེང་གི་དུསའདིར་རྩོམ་པ་བོ་དང་རྩོམ་སྒྲིག་པ་ཚོས་ཕལ་སྐད་བསྲེ་ཇི་ཐུབ་དང་བརྡ་སྤྲོད་པའིགཞུང་ལ་དོ་སྣང་མི་བྱེད་པ་འདིས་སྤྱི་སྐད་གཏན་འབེབ་ཐད་མི་མཐུན་པའི་འགལརྐྱེན་ཛ་དྲག་ཏུ་སོང་བ་མ་ཡིན་ནམ། འདི་ལྟར་མུ་མཐུད་དུ་སྤྱི་སྐད་དོར་ནས་དབུསཔས་དབུས་སྐད། གཙང་བས་གཙང་སྐད། ཁམས་པས་ཁམས་སྐད། ཨ་མདོས་ཨམསྐད། རོང་བས་རོང་སྐད། འབྲོག་པས་འབྲོག་སྐད་རེ་བྲིས་ན། བོད་ཀྱི་སྐད་ཡིགགཉིས་གཅིག་ལ་གཅིག་གྲོགས་སུ་མི་འགྱུར་བར་སོ་སོར་གྱེས་ཏེ་མདོ་དབུས་ཁམསགསུམ་བར་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་ཏུ་འགྱུར་ངེས་པ་ནི།  རང་གི་ཡི་གེར་གཙིགས་ཆེན་མ་བྱས་པས་ཕྱིས་སུ་བེད་སྤྱོད་མི་ཐུབ་པ་ཞིག་ཏུ་གྱུར་བའི་མན་ཇུ་མིརིགས་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་བྱས་ཡོད།

བོད་ཀྱི་བརྡ་སྤྲོད་རིག་པར་ཕྱག་རྗེས་རླབས་ཆེན་བཞག་པའི་མཁས་དབངདམུ་དགེ་བསམ་གཏན་མཆོག་གིས། བློ་སྒོ་འབྱེད་པའི་ཕྱིར་མཐའ་དཔྱད་པ་ཞེསཔར། བོད་སྤྱི་འགྲོའི་ཡིག་སྐད་དེ་ཡང་གཙོ་བོ་དབུས་གཙང་གི་སྐད་ལ་ཆག་བཞག་པ་ཡིན་མོད། ཆ་ཐམས་ཅད་ནས་དབུས་གཙང་གི་ཡུལ་སྐད་ལྟར་བྱེད་དགོས་པ་མིན།  ཞེས་གཟུར་གནས་ཀྱི་གསུང་གནང་ཡོད་པ་བཞིན། མང་ཕྱོགས་ཡིག་སྐད་དང་མཐུན་པའི་དབུས་གཙང་གི་སྐད་གཙོ་བོར་བཟུང་ན་མི་འོས་པ་ཆེར་མེད་མོད། ངས་གོང་དུ་བཤད་པ་བཞིན་བོད་ཀྱི་ཡི་གེ་ནི་སྤྱི་སྐད་ལ་བརྟེན་ནས་བཟོས་པས་སྐད་གང་ཞིགཡིག་སྐད་དམ་བརྡ་སྤྲོད་གཞུང་དང་མཐུན་ན་དེ་ཉིད་སྤྱི་སྐད་དུ་འཇོག་དགོས་ཏེ།   དཔེར་ན། པེ་ཅིན་གྱི་སྐད་དེ་རྒྱ་ནག་གིས་སྤྱི་སྐད་ཀྱི་གཞི་འཛིན་ས་བྱེད་མོད། འོནཀྱང་ཆ་ཀུན་ནས་པེ་ཅིན་གྱི་ཡུལ་སྐད་ཁོ་ན་མི་བྱེད་པ་བཞིན་ཡིན་ནོ། །

དེའི་ཕྱིར་ངས་དེ་རིང་བཀླགས་པའི་ཚགས་པར་དེར། ཀོ་བའི་ནང་རྟ་ཟོགགསུམ་ཙམ་བླུགས་ཏེ། ཞེས་དང་། སྐད་འབོད་ཤུགས་ཆེ་བྱས། ཐང་ཤ་དོད་པོ། ཁཏོག་ཙག་ཙིག (ཁ་ལ་ཟ་རྒྱུའི་སིལ་ཏོག་ཞེས་པ་ཚིག་སྡུད་བྱེད་ཁུལ་བྱས་པ་འདྲ་) གནས ལུགས་མང་དག་ཅིག་བཤོད་དགོས་པའི་རེ་བ་བཏོན། སྣེ་ཁ་ལྔ་ཙམ་ཟ་དགོས། རྐྱེནངན་བཟོ་ཡི་ཡོད། ཟམ་མེད་འདུ་ཡི་ཡོད། མིག་ནང་ལག་པ་གང་བྱུང་འཆང་རྒྱུ་མེད། ཟ་ཀྱི་མེད་པ་རེད། ཨ་རག་གཉིང་ཁུ་ལ་ཡོགས་རྒྱགས་ངེས། ཚོད་འཛིན་ཐུབ་པ་བྱུང་བ་རེད། འགན་ལེན་ཐུབ་པ་བྱུང་བ་རེད། མང་བོ་ཞིག་བཏོན་གནང་བ་རེད།   རླུང་བོ་ལྡང་སོགས་མཚམས་རེར་དགོད་ཁ་ཤོར་ལ་ལན་རེར་ངུ་ཡང་དགོས་པ་ལྟ་བུའི་སྤྱི་སྐད་དང་མི་མཐུན་པའི་ཡུལ་སྐད་ཆེས་མང་བོ་ཞིག་བཀོད་དེ། ཆོས་དང་ཆོས་ཅནབརྗོད་པའི་མིང་རྒྱ་ནག་ལྟར་གོ་ལྡོག་པ། ཚིག་སྡུད་བྱེད་སྟངས་མི་འགྲིག་པ།མིང་ཚིག་བསྐྱར་བཟློས་དང་ལྷག་སྐྱོན་བྱུང་བ། བྱ་ཚིག་གི་སྟེང་དུ་བྱ་ཚིག་བརྩེགས་པ་སོགསརྙོག་རྫོབ་ཆེན་པོར་གྱུར་འདུག   དོན་འདི་འདྲའི་རིགས་ལ། མཁས་དབང་དམུདགེ་རིན་པོ་ཆེས། མེད་ཅེས་པར། ཡོད་པ་མ་རེད། ཡོད་པ་ཡིན་པ་མ་རེད། ཡོད་ཅེས་པར། ཡོད་པ་རེད། ཡོད་པ་ཡིན་པ་རེད། དགོས་ཞེས་པར། དགོས་པ་རེད། དགོས་གི་རེད། དགོས་པ་ཡིན་པ་རེད། གནང་ཞེས་པར། གནང་གི་ཡོད་པ་རེད་ཅེས་སོགསཡིག་འབྲུ་གཅིག་གི་ཚབ་ལ་ཡིག་འབྲུ་གསུམ་རེ། བཞི་རེ། ལྔ་རེ་བྲིས་པ་དང་། བྱེདཚིག་གི་ཐོག་ཏུ་བྱེད་ཚིག་བརྩེགས་ནས། ཇེ་མང་ཇེ་རྫོབ་ཏུ་བཏང་བས། ཡིག་ཚོགསདང་བམ་ཁ་ཆེན་པོར་གྱུར་བར་བརྟེན། མི་རིགས་གཞན་པ་ལ་ལས། ཨ་ཡ་བོད་ཡིག་ནི་རྙོག་རྫོབ་ཆེན་པོ་རེད་ཟེར་རོ། །ཞེས་ཐུགས་སྐྱོ་བའི་གསུང་རིན་ཐང་ཅན་ཞིགགནང་འདུག་པ་ལ་ངས་ཡང་བསྐྱར་བསམ་གཞིགས་བྱེད་དགོས་བྱུང་། །

གཞན་ཡང་སྨན་པ་ཞེས་པའི་མིང་འདི་བོད་རང་ལ་སྔོན་ནས་ཡོད་ཅིང་མིངདོན་གྱི་འབྲེལ་བའང་ཀུན་གྱིས་ངེས་སླ་མོད། དེའི་ཚབ་ཏུ་ཨེམ་ཇི་ཞེས་པའི་སོག་སྐད་གཡར་བ་དང་། སློབ་དཔོན་ཐོན་མིས་བོད་ཡིག་ནི་ལེགས་སྦྱར་གྱི་ཡི་གེར་དཔེརབླངས་ཏེ་བཟོས་ཀྱང་། རྒྱ་གར་ལྟར་བཀླགས་ཡུན་རིང་ཐུང་དང་དབྱངས་སྲོགཞུགས་ཀྱི་རྣམ་བཞག་བོད་ལ་མ་མཛད་པར་སྔོན་རྗེས་སོགས་ཐུན་མིན་གྱི་རིག་ལམགསར་དུ་ཕྱེས་ཡོད་མོད། ཚགས་པར་དེར། རེད་ཡཱ། པཱ་ལགས།  མཱ་ལགས་ཞེས་བོད་སྐད་ལའང་རིང་ཆ་བཞག་པ་སོགས་འགལ་འཁྲུལ་བརྗོད་མཐའ་མེད་པ་ལྟ་བུརའདུག་པས་འདི་འདྲའི་རིགས་ངེས་པར་དུ་སྔོན་འགོག་བྱེད་དགོས་པར་སེམས།      ཁྱད་པར་དུ་འཇིག་རྟེན་གྱི་དངོས་པོ་གཟུགས་ཤེས་ཕྲ་རགས་གང་ཡིན་ཡང་། རང་གྲུབ་དུས་ནས་བཟུང་སྐད་ཅིག་གཉིས་པར་མི་སྡོད་པར་འགྱུར་འགྲོ་བས་འཕོའགྱུར་རམ་གཡོ་བའི་རང་བཞིན་ལས་མ་འདས་མོད། རགས་པའི་སྣང་ཚུལ་ལདངོས་པོ་ཀུན་བརྟན་པའི་རང་བཞིན་དང་གཡོ་བའི་རང་བཞིན་གཉིས་སུ་མཐོང་བ་བཞིན། བོད་ཀྱི་བརྡ་སྤྲོད་རིག་པར་ཡང་བརྟན་པའི་རང་བཞིན་མཚོན་པའི་ཆོསདང་ཆོས་ཅན་རྗོད་པའི་ཐ་སྙད་དང་། གཡོ་བའི་རང་བཞིན་མཚོན་པའི་བྱ་བ་རྗོདཔའི་ཐ་སྙད་གཉིས་སུ་ཕྱེས་ཏེ། སྔ་མ་དུས་གསུམ་གར་མི་འགྱུར་ཞིང་། ཕྱི་མ་འགྱུར་(སྒྲ་གཟུགས་གཉིས་ཀ་མི་འགྱུར་བའི་བྱ་ཚིག་ཀྱང་ཡོད)བའི་རྗོད་བྱེད་ཡིན་པའི་ཁྱད་ཆོས་ལྡན་ལ། ཆོས་དང་ཆོས་ཅན། བྱ་ཚིག་བཅས་ཀྱི་མིང་མཐའི་རྗེས་འཇུག་སོགས་ཀྱི་ནུས་པསརྟགས་མཚུངས་དང་སྒྲ་མཚུངས་ཅི་རིགས་སུ་གྱུར་བའི་རྣམ་དབྱེ་དང་ཚིག་ཕྲདའདྲེན་པར་བྱེད་ཅིང་། དེ་དག་སུམ་རྟགས་དག་གསུམ་གཤིས་ཕྱིན་པ་ཞིག་ཤེས་མིན་ལ་རག་ལས་ཕྱིར། སྔོན་བྱོན་མཁས་པའི་ཞལ་རྒྱུན་དུའང་། མིང་དག་པར་དག་ཡིགགཙོ། རྣམ་དབྱེ་དང་ཚིག་ཕྲད་དག་པར་སུམ་ཅུ་བ་གཙོ། བྱ་ཚིག་དག་པར་རྟགསའཇུག་གཙོ། ཞེས་ཉམས་མྱོང་ཕྱོགས་བསྡུས་ཀྱི་སྡོམ་ཚིག་རླུང་ལྟར་གྲགས་པ་བཞིན། མིང་ཚིག་གི་ཐ་སྙད་ལ་ཡང་སྤྱིར་བཏང་གི་མཚོན་དོན་དང་།གནས་སྐབས་ཀྱི་མཚོན་དོན་གཉིས་ཡོད་པས། སྔ་མ་དག་ཡིག་བརྡ་བཀྲོལ་ཚིག་མཛོད་སོགས་ལ་བརྟུན་ཏེདག་པར་བྱེད་དགོས་ཤིང་། ཕྱི་མ་གནས་སྐབས་ཀྱི་མཚོན་དོན་དང་།རྣམ་དབྱེ། ཚིག་ཕྲད། བྱ་ཚིག་བཅས་ཀྱི་ཚིག་གོང་འོག་དང་ཚིག་གྲོགས། མིང་མཐའི་དྲག་ཞན། དུས་གསུམ། བདག་གཞན་སོགས་ཀྱི་ཁྱད་པར་ལ་ཞིབ་ཏུ་དཔྱད་དེ་བརྡ་སྤྲོད་གཞུངལུགས་དང་མཐུན་པར་དག་པོར་འབྲི་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད།  དེ་རིང་ངས་གླེང་གཞིར་བཟུང་བའི་ཚགས་པར་དེར། འཚོ་བཅུད་གི་ (ཀྱི) རྒྱུམང་བོ། འདི་ལོ་ (ལོར) ལོ་ལེགས་ཡོང་ཆེད། མ་ཁོམས་ཅིང་ (སྤྱིར་ས་མཐར་ཤིང་སྦྱོར་མོདཁོམ་ལ་ཡང་འཇུག་མེད་པས་ཅིང་སྦྱོར་དགོས)སོགས་རྣམ་དབྱེ་དང་ཚིག་ཕྲད་སྦྱོར་སྟངས་ལ་ནོར་སྐྱོན་བྱུང་བ་མང་ཞིང་། འདུ་ཡི་ཡོད་པ། བཟོ་ཡི་ཡོད་པ་ཞེས་བརྡ་སྤྲོད་གཞུངལུགས་གང་ནས་ཀྱང་མ་བསྟན་པའི་ཡི་སྒྲ་ཁྱད་པར་བ་རེ། ལྷག་པར་དུ་བྱ་ཚིག་སྐབས་བདག་གཞན་དང་དུས་གསུམ་གྱི་ཁྱད་པར་མ་ཕྱེས་པར། ཀོ་བ་རྒལ་བར་འཁྱེར(ཁྱེར་) ཏེ་ཕེབས། མང་བོ་ཟས་ (ཟོས) པས། ཡིད་ལ་གཡོ་སྒུལ་འགུལ)ག་ནས་ཐེབས། སྣང་བ་འདོར་(དོར)ནས་སོང་། བཤོད(བཤད)དགོས། སྙོམ་སྒྲིག་ལེགས་པོ་མི་བྱུང(འབྱུང) བས་སོགས་ཤིན་ཏུ་མང་བས་སྡུག་སྨྲེ་ཐེངས་གཅིག་མི་འདོན་ཐབས་མེད་བྱུང་སོང་།

གནས་ཚུལ་འདི་འདྲ་མང་བོ་ཞིག་དུས་དེབ་དང་ཚགས་པར་གཞན་དགནའང་རྒྱུན་པར་མཐོང་རྒྱུ་ཡོད་པས་རྩོམ་པ་བོ་དང་རྩོམ་སྒྲིག་པ། ཡིག་གཏག་པསོགས་སུ་ཡིན་ཡང་སྣང་ཆུང་དང་སྙོམས་ལས་སུ་མི་འཇོག་པར་བོད་སྤྱི་སྐད་དངབརྡ་སྤྲོད་གཞུང་ལུགས་ལ་མཐུན་ཐབས་སུ་གཞོལ་བར་མཁྱེན་ཞུ།

 

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།