ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

དཔེ་གསར་བརྡ་འཕྲིན།

རྔ་ཡུལ་དཔལ་ལྡན་བཀྲ་ཤིས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་ནི། 
སྤྱི་ལོ་༡༧༩༠་ལོར་ཀུན་མཁྱེན་འཇིགས་མེད་དབང་བོས་ཕྱག་འདེབས་མཛད་པའི་རི་བོ་དགེ་ལྡན་པའི་ཆོས་སྡེ་ཆེན་པོ་ཞིག་ཡིན།
རྔ་ཡུལ་སྤྱི་དང་ཁྱད་པར་དུ་ཆོས་སྡེ་ཆེན་པོ་འདིའི་མི་ལོ་ཉིས་བརྒྱ་སུམ་ཅུ་ལྷག་གི་ལོ་རྒྱུས་གསལ་ཞིབ་ཏུ་བཀོད་པའི་གདན་རབས་གཡས་འཁྱིལ་དུང་གི་སྒྲ་དབྱངས་འདི་ནི།
རྩོམ་པ་བོ་ལྡོང་ཡོན་ཏན་རྒྱ་མཚོས་མི་ལོ་ཉེར་གཉིས་ཀྱི་སྔོན་དུ་བརྩམས་ཤིང་།མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
ཡང་བསྐྱར་མི་ལོ་ཉི་ཤུ་ལྷག་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་མང་བོ་བསགས་ནས་ད་ལོར་གསར་དུ་ཁ་སྐོང་མཛད་པ་ཞིག་སྟེ།
ཤོག་བུ་སྟོང་ཕྲག་ལས་བརྒལ་བའི་ལོ་རྒྱུས་ཆེན་མོ་ཞིག་ཡིན་པས། 
རྔ་ཡུལ་གྱི་གནས་བབས་དང་ཆོས་སྡེ་ཆེན་པོ་ཞིག་གི་བྱུང་འཕེལ། 
འབྲེལ་ཡོད་དགོན་སྡེ་མང་བོའི་ལོ་རྒྱུས། 
མཁས་གྲུབ་མང་བོའི་རྣམ་ཐར་ལ་རྒྱུས་ལོན་དང་ཞིབ་འཇུག་སོགས་བྱེད་འདོད་མཁན་ཚོའི་སེམས་པའི་གསོས་སུ་འགྱུར་ངེས།