ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

  གློ་བུར་བའི་མིག་ཆུ།

གངས་རིའི་འདབས་ནས་འཁྲུངས་པའི་གདོང་དམར་བ།།
རྩོད་མེད་ལུང་གིས་ཟིན་པའི་ཡང་སྤྲུལ་བ།།
མདོ་སྔགས་གཞུང་ལ་བརྩོན་པའི་སློབ་གཉེར་བ།།
ཕྱོགས་མེད་རྒྱལ་ཁམས་མྱུལ་བའི་ཉམས་མྱོང་བ།།

ནང་ཆོས་ནུབ་ལ་དར་བའི་སྲོག་ཤིང་བ།།
འཛམ་གླིང་འཕོ་འགྱུར་མཐོང་བའི་མིག་ལྡན་པ།།
རང་དཔེ་གཞན་ལས་འཚོལ་བའི་སྙིང་རྗེ་བ།།
རྒྱུ་འབྱོར་ལོངས་སྤྱོད་སྩོལ་བའི་གཏེར་བདག་པ།།

མི་རིགས་སློབ་གསོར་དུང་བའི་བསམ་བློ་བ།།
བོད་པའི་ཆ་ལུགས་མི་འདོར་ལ་རྒྱ་བ། །
ཁ་བཤད་དོན་ལ་གནས་པའི་ཆོས་ལུགས་པ།།
དྭ་ཕྲུག་ཁྲི་འབུམ་གསོ་བའི་ཡབ་ཆེན་པ།།

ཨ་དཀོན་བླ་མའི་མཛད་འཕྲིན་མ་བསྡུས་ཀྱང་།།
གློ་བུར་སྐུ་སྲོག་འཕྲོག་པའི་གཏམ་ངན་དེས།།
དགོན་སྡེ་སློབ་གྲྭ་སློབ་མ་རྒན་འཁོག་སོགས།།
མང་བོའི་ཚབ་ཏུ་སྐྱོ་གདུང་མིག་ཆུ་ཤོར། །

འདི་ནས་གཞན་ལ་བརྒྱུད་བསྐུར་གནང་རོགས།