ལྡོང་ཡོན་ཏན་རྒྱ་མཚོའི་དྲ་བ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དཀར་མཛེས་སེར་ཤུལ་རྫོང་དབོན་པོ་གྲོང་བརྡལ་དུ་ཕེབས་པ།

སྤྱི་ལོ་༢༠༡༩-༨-༦ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དཀར་མཛེས་སེར་ཤུལ་རྫོང་དབོན་པོ་གྲོང་བརྡལ་དུ་ཕེབས་ཏེ་མང་ཚོགས་སྟོང་ཕྲག་མང་བོར་བོད་བརྒྱུད་ནང་བསྟན་བྱུང་འཕེལ་དང་འབྲེལ་ཏེ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་རྣམ་ཐར་མདོར་བསྡུས་ཀྱིས་ཁྲིད་པར་མ་ཟད། དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མའི་ལུང་གནང་སྟེ། རྗེ་བླ་མ་སྐུ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བར་རྗེས་དྲན་ཞུས། མང་ཚོགས་ཀྱི་ཁྲོད་ནས་དམིགས་བརྩེ་མ་མང་བོ་ཁས་ལེན་བྱེད་མཁན་དང་དུ་ཆང་གཅོད་མཁན་ཧ་ཅང་མང་བོ་བྱུང་།